རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་མི་༡༢ཀྱི་ཚེ་སྲོག་ཤོར་བ།
སྤེལ་བའི་དུས་ཚོད། : 2018-01-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧུན་རྡུ་སི་ཐན་ཞེས་པའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་དུས་ཚོད་ཀྱི་སྤྱི་ཟླ་༡ཚེས་༡༤ཉིན་གྱི་དགོང་མོར། རྒྱ་གར་ཤར་ཕྱོགས་ཀྱི་ཅཱ་ཁན་ཏེ་(Jharkhand)མངའ་སྡེའི་ཀུམ་ལ་(Gumla)ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་མི་༡༢ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་༤ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

རྒྱ་གར་ནི་འཛམ་གླིང་ཁྱོན་ནས་འགྲིམ་འགྲུལ་དོན་རྐྱེན་མང་བའི་ས་ཁུལ་ཞིག་ཡིན་ཞིང་། ལོ་རེར་མི་འབུམ་༡དང་ཁྲི་༥ཙམ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཤི་བཞིན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།