ཨུ་རུ་སུས་སང་ལོའི་སྤྱི་ཟླ་3པའི་ཚེས་18ཉིན་ཙུང་ཐུང་འདེམས་བསྐོ་བྱ་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2017-09-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་18ཉིན་ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སུའི་སྐབས་གསར་པའི་ཙུང་ཐུང་འདེམས་བསྐོ་2018ལོའི་ཟླ་བ་3པའི་ཚེས་18ཉིན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཨུ་རུ་སུའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ། ད་ལྟའི་ཙུང་ཐུང་ཕུའུ་ཅིང་ཐེངས་འདིའི་འགྲན་འདེམས་ནང་ཞུགས་རྒྱུ་མ་ཟད་འགན་གནས་བསྟུད་འཛིན་ཐུབ་རྒྱུའི་རེ་བ་བྱས་ཡོད། སྤྱི་ཟླ་8པའི་ཚེ་ཤར་དུ་ཕུའུ་ཅིང་ཨུ་རུ་སུའི་པུའུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ལ་འཚམས་འདྲིའི་ཕེབས་རིང་།སང་ལོའི་ཙུང་ཐུང་འགྲན་འདེམས་ནང་ཞུགས་རྒྱུ་ཡིན་མིན་སྐོར་འདྲི་སྐབས། ཁོང་གིས་བསམ་གཞིགས་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།