འཇིག་རྟེན་འཕོ་འགྱུར་འབྱུང་བའི་གསར་གཏོད་རྣམ་གྲངས་བཅུ།
སྤེལ་བའི་དུས་ཚོད། : 2017-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚན་རིག་གིས་ང་ཚོར་མང་བོ་ཞིག་བསྒྲུབ་ནུས་ལ། ང་ཚོའང་ཚན་རིག་དར་བའི་དུས་རབས་འདི་སྐྱེས་པ་ནི་བསོད་ནམས་ཤིག་ཡིན། གཤམ་ནས་ང་ཚོས་འཇིག་རྟེན་འཕོ་འགྱུར་འབྱུང་ངེས་པའི་ཚན་རིག་གསར་གཏོད་རྣམ་གྲངས་བཅུ་ལ་རྒྱུས་ལོན་བགྱི་ན།

1.སྟོང་ཁམས་ཡུལ་སྐོར།

མིག་སྔར། ང་ཚོར་བཀག་རྒྱ་ཇི་ཡང་མེད་པར་འཛམ་གླིང་གི་ཡུལ་གྲུ་སོ་སོར་འཕུར་ནུས་ལ། ནམ་ཞིག་གི་ཚེ་ང་ཚོ་སྟོང་ཁམས་སུ་འཕུར་རྒྱུ་བྱ་ཐུབ་ཚེ་ག་འདྲ་ཞིག་ཡིན་ནམ། Virgin Galactic、SpaceXདང་ཡ་མ་ཤུན Blue Originསོགས་ཀྱིས་ཀྱང་སྟོང་ཁམས་སུ་འཕུར་རྒྱུ་ཐུབ་པའི་རེ་བ་མངོན་གྱུར་བྱེད་པར་སྨོན།

2.གློག་སྒུལ་རླངས་འཁོར།

གློག་སྒུལ་རླངས་འཁོར་བྱུང་བ་ནི་དོན་དག་གསར་བ་ཞིག་མིན་ནའང་། དེས་ང་ཚོའི་འཚོ་བར་སྟབས་བདེ་སྐྲུན་ཡོད་པ་ངོ་མ་ཡིན། གློག་གསོག་དུས་ཚོད་དང་གློག་གསོག་འཕྲུལ་ཆས་མང་བར་མཆིས། ཐེ་སི་ལ་ནAutopilotརང་འགུལ་འཁོར་གཏོང་དཔེ་དབྱིབས་ཀྱང་བྱུང་ཡོད། མ་འོངས་པར་རླངས་འཁོར་བཟོ་གྲྭས་རང་འགུལ་འཁོར་གཏོང་རླངས་འཁོར་བཟོས་ནས་ཁ་ལོ་པས་རླངས་འཁོར་ལ་ཐུག་རེག་མི་དགོས་པའི་དུས་ཀྱང་འབྱུང་ངེས།

3.ཉི་ནུས་གློག་རྫས་ལག་རྩལ།

ཉི་ནུས་གློག་རྫས་ལག་རྩལ་བྱུང་ནས་དུས་ཡུན་ངེས་ཅན་ཞིག་འགོར་ཡོད། དེར་འདོན་ནུས་ཧ་ཅང་ཆེ་བས་ལ་ལས་ཁང་ཀླད་དུ་འཇོག་པར་མ་ཟད། ཀུང་སི་འགས་ཉི་ནུས་གློག་རྫས་ལག་རྩལ་དེ་རླངས་འཁོར་སྟེང་བཀོལ་ནས་རླངས་སྒུལ་འདོན་སྤྲོད་བྱེད་པར་ཚོད་ལྟ་བྱེད་པའི་སྒང་ཡིན།

4. Hyperloop

Hyperloopནི་མྱུར་སྐྱོད་སྐྱེལ་འདྲེན་མ་ལག་ཅིག་ཡིན་ཏེ། མིག་སྔར་ཨ་རི་ནས་གསར་སྐྲུན་དང་ཚོད་ལྟ་བྱེད་བཞིན་ཡོད། གལ་སྲིད་མ་ལག་འདི་གསར་སྐྲུན་ལེགས་འགྲུབ་བྱུང་ཚེ་ཉིག་ཡོག་ནས་ཝ་ཧྲིང་ཐོན་ལ་འགྲོ་བའི་དུས་ཚོད2དང་སྐར་མ56གི་དུས་ཡུན་སྐར་མ29ཡིས་ཚབ་བྱེད་ངེས་ཡིན།

5. དོན་དངོས་ཆེར་གཏོང་།

དོན་དངོས་ཆེར་གཏོང་ནི་ང་ཚོས་དཔག་དཀའ་བའི་ནུས་རྩལ་ཞིག་ཡིན་ཏེ། དེས་གཟུགས་མེད་ཀྱི་ལམ་ནས་ཁྱིམ་ལ་ཁྱིམ་ཆས་བཞག་སྟེ་འོས་མིན་ལ་བལྟས་ཆོག་པར་མ་ཟད། ཅོག་ཙེ་སྟེང་རྩེད་ཆས་ཀྱང་རྩེ་ཆོག ཕྱི་རུ་སོང་ན་ཉེ་འཁོར་གྱི་བཟོ་བཀོད་སྟེང་ནས་བརྡ་འཕྲིན་བླང་ཆོག་པ་ཞིག་ཀྱང་ཡིན།

6.ཁ་ལོ་བ་མི་མཁོ་བའི་ལྗིད་ཐེག་རླངས་འཁོར།

ཁ་ལོ་བ་མི་མཁོ་བའི་ལྗིད་ཐེག་རླངས་འཁོར་ནི་ལྗིད་ཐེག་རླངས་འཁོར་གསུམ་གྱིས་གྲུབ་པ་ཞིག་ཡིན་ཏེ། རླངས་འཁོར་འགོ་མོས་རླངས་འཁོར་རྗེས་མ་གཉིས་ཀྱི་མགྱོགས་ཚད་དང་འགོག་ཟྭ་ཚོད་འཛིན་བྱེད་པ་ཡིན། དེར་མིའི་རིགས་ཀྱི་ཁ་ལོ་བ་མཁོ་ནའང་འཁོར་སྐྱོད་དམ་ཟབ། འགྲོ་གྲོན་དང་འབུད་གཏོང་ཉུང་བ་བཅས་ཀྱི་དགེ་མཚན་ཡོད་པ་རེད།

7.5Gའགུལ་སྐྱོད་དྲ་རྒྱ།

5Gའགུལ་སྐྱོད་དྲ་རྒྱ་ལས་ཕབ་ལེན་བྱས་ན་སྐུད་ལྡན་དྲ་ལས་ཧ་ཅང་མགྱོགས་པས་དྲ་སྦྲེལ་མཁོ་ཆས་མང་བོ་ཞིག་མཁོ་འདོན་བྱེད་ངེས་ཡིན། མྱུར་རྒྱུ་ཉིང་ལྷེབ X50ནི་5Gཁྲོམ་རར་འཇུག་མཁན་གཙོ་གྲས་ཡིན་ལ། X50ཡི་ཕབ་ལེན་མྱུར་ཚད5Gbpsལ་སླེབས། མི་འགྱངས་པའི2018དང2019ནང་ལག་འཁྱེར་ཁ་པར་སྟེང་སྤྱོད་ངེས་ཡིན།

8.ཕྱིའི་རུས་སྒྲོམ།

འཕྲུལ་མིའི་ཕྱིའི་རུས་སྒྲོམ་ནི་དམག་ཁུལ་ནས་བེད་སྤྱོད་བྱེད་མགོ་བརྩམས་པ་དང་། དེས་དབང་བོ་སྐྱོན་ཅན་དང་ལྷག་པར་རྐང་ཐང་འགྲོ་མི་ཐུབ་པའི་མིར་རོགས་འདེགས་མི་དམན་པ་བྱེད་ཐུབ་ངེས་ཡིན། ཕྱིའི་རུས་སྒྲོམ་གྱིས་འཛམ་གླིང་གི་ཡུལ་གྲུ་སོ་སོའི་མི་མང་བོ་ཞིག་ལ་རང་དབང་སྤྲོད་ཐུབ།

9. 3Dཔར་འདེབས།

ལག་རྩལ་འདི་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རིམ་གྱིས་བེད་སྤྱོད་བྱེད་བཞིན་ཡོད་ལ། ལྷུ་ལག་ཆེ་ཆུང་གང་རུང་གི་བཟོ་སྐྲུན་སོགས་ང་ཚོའི་འཚོ་བར་འགྱུར་ལྡོག་མང་བོ་ཞིག་འབྱུང་དུ་འཇུག་ངེས་ཡིན།

10.མིས་བཟོས་རིག་སྟོབས།

མིས་བཟོས་རིག་སྟོབས་ནི་ང་ཚོའི་འཚོ་བ་དང་ཁ་ཐག་མི་རིང་སྟེ། SiriདངAlexa Google Assistantསོགས་རིག་ནུས་སྐད་གདངས་ཀྱི་ལས་རོགས་ང་ཚོའི་ཁ་པར་དུ་ཡོད་ལ། མིས་བཟོས་རིག་སྟོབས་ཀྱིས་རང་གི་འཕེལ་ཕྱོགས་རྙེད་དེ་འཕྲུལ་ཆས་གཡོག་མི་དང་གསར་འགྱུར་ཚབ་འབྲི། ཐ་ན་ཞབས་ཞུ་སོགས་ཀྱང་བྱེད་ཐུབ་ངེས་ཡིན་ནོ། །

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། སྒྲོལ་མ།