ཨ་རིའི་ཁ་ལི་ཧྥོ་ནི་ཡ་མངའ་སྡེས་རང་བཙན་བྱ་རྒྱུའི་རེ་བ་ཞུས་པ།
སྤེལ་བའི་དུས་ཚོད། : 2017-08-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༧ཉིན་ཨ་རིའི་ཁ་ལི་ཧྥོ་ནི་ཡ་མངའ་སྡེས་སླར་ཡང་ཨ་རི་ནས་ཁ་བྲལ་རྒྱུའི་རེ་ཞུ་སྐྱེལ་སྤྲོད་བྱས་པ་དང་། སྤྱི་ལོ་༢༠༡༨ལོར་སླེབས་སྐབས་ཁ་ལི་ཧྥོ་ནི་ཡ་མངའ་སྡེ་རང་བཙན་ཐོབ་རྒྱུར་བརྩོན་ལེན་བྱེད་པའི་དམངས་ཡོངས་ནས་འདེམ་ཤོག་འཕེན་རྒྱུ་རེད།

ད་ལོའི་སྤྱི་ཟླ་༡པོའི་ཚེས་༢༦ཉིན། ཁ་ལི་ཧྥོ་ནི་ཡ་མངའ་སྡེ་ཨ་རི་ནས་ཁ་བྲལ་ནས་རང་བཙན་བྱ་རྒྱུའི་གྲོས་གཞི་དེ་མངའ་སྡེའི་འགོ་འཛིན་གྱི་གཞུང་ལས་ཁང་དུ་བསྐྱལ་ཟིན་ཡོད། ཁ་ལི་ཧྥོ་ནི་ཡ་མངའ་སྡེ་ཨ་རི་ནས་ཁ་བྲལ་རྒྱུའི་གྲོས་གཞི་དེ་དབྱིན་ཇི་ཉིད་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་གྲོས་གཞིར་དཔེ་བལྟས་ནས་མིང་བཏགས་པ་ཞིག་ཡིན་པ་དང་། མི་རྣམས་ཀྱིས་འདེམ་ཤོག་འཕངས་ནས་ཨ་རིའི་རྩ་ཁྲིམས་ནང་ཁ་ལི་ཧྥོ་ནི་ཡ་རང་བཙན་བྱ་མི་ཆོག་པའི་དོན་ཚན་མེད་པར་བཟོ་རྒྱུའི་རེ་བ་འདོན་རྒྱུ་རེད།

ཁ་ལི་ཧྥོ་ནི་ཡ་མངའ་སྡེར་མི་བྱེ་བ་༤ཙམ་ཡོད་ཅིང་། ཨ་རིའི་མི་འབོར་མང་ཤོས་ཀྱི་མངའ་སྡེ་ཡིན་ལ། མངའ་སྡེ་དེས་གནས་སྤོས་ཡུལ་མི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ཐད་འཛིན་པའི་ལངས་ཕྱོགས་དེ་ཐོག་མཐའ་བར་གསུམ་དུ་ཨ་རིའི་སྲིད་འཛིན་ཐེ་རོན་ཕུ་ཡི་ལྟ་བ་དང་མཐུན་གྱི་མེད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།