འཛམ་གླིང་སྟེང་གི་ཆེས་ཆུང་བའི་༼རྒྱལ་ཁབ།༽
སྤེལ་བའི་དུས་ཚོད། : 2017-05-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འཛམ་གླིང་སྟེང་གི་ཆེས་ཆུང་བའི༼རྒྱལ་ཁབ༽ཀྱི་གསང་བར་བརྟོལ་བ།

དྲ་རྒྱ་སྤོ་ལོའི་ར་བ་གཉིས་ཀྱི་ཆེ་ཆུང་ལས་མེད་པའི༼རྒྱལ་ཁབ༽འདིར་མི་སྟོང་ཕྲག་ཅིག་གིས་ཁོངས་མི་རུ་འགྱུར་བའི་རེ་ཞུ་བརྩོན་ལེན་བྱེད་ཀྱིན་ཡོད།

མའེ་ཁེར་གྱི་བུ་མའེ་ཁེར་རྒྱལ་སྲས།

《ཉིན་རེའི་སྦྲག་ཚགས》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རང་གིས་རང་ལ༼བདག་དབང་རྒྱལ་ཁབ༽ཏུ་འབོད་པའི་རྒྱལ་ཁབSealandལ་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་གྱེས་པ་དང་ཐེ་རོན་ཕུ་ཨ་རིའི་སྲིད་འཛིན་དུ་བདམས་རྗེས༼རྒྱལ་ཁབ༽འདིའི་སྤྱི་དམངས་སུ་ཞུགས་པའི་རེ་ཞུ་ཡི་གེ་སྟོང་ཕྲག་འགའ་འབྱོར།

༼རྒྱལ་ཁབ༽དེ་ནི་དབྱིན་ཇི་ལི་མཚོ་འགག་ཤར་མའི་དབྱིན་ལི་དྲུག་གི་མཚམས་སུ་གནས་ཡོད་ཅིང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དབྱིན་ཇིས་མཚོ་ཐོག་བཙན་རྫོང་བཙུགས་པའི་གྲས་ཀྱི་གཅིག་ཡིན། ༡༩༦༧ལོར་དབྱིན་ཇི་བ་མའེ་ཁེར་དང་དམག་མི་ལའོ་ཡའེ་སྦེ་ཚི་གཉིས་ཀྱིས་ས་འདི་ནས་བདག་དབང་རྒྱལ་ཁབ་ཅིག་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས། མིག་སྔར༼རྒྱལ་ཁབ༽འདིའི་མངའ་ཁོངས་སུ་མི་གཉིས་ལས་མེད། དེར་མའེ་ཁེར་གྱི་བུ་མའེ་ཁེར་རྒྱལ་སྲས་ཀྱིས་སྲིད་དབང་བཟུང་བ་རེད།

ལྟོས་དང་༼རྒྱལ་ཁབ༽འདི་ལའང༼དམག་སྟོན་མཛད་སྒོ་ཆེན་མོ༽ཡོད།

༡༩༧༤ལོར། Sealandཡི་རང་གི་དངུལ་ལོ་དངོས་སུ་ཁྱབ་སྤེལ་བྱས་པ་དང་། གཞན་ད་དུང་རྒྱལ་གླུ་དང་རྒྱལ་དར། བཅའ་ཁྲིམས། རྐང་རྩེད་སྤོ་ལོའི་རུ་ཚོགས་སོགས་ཀྱང་བཙུགས་ཡོད། དབྱིན་ཇིའི་མུ་འབྲེལ་བརྙན་འཕྲིནRoyle Familyཡི་འཁྲབ་སྟོན་པ་ལཱ་ཨར་ཧྥུའུ་རྐང་རྩེད་སྤོ་ལོ་རུ་ཚོགས་ཀྱི་རུ་དཔོན་བྱས་མྱོང་།

Sealandཡིས་སྐུད་མེད་གློག་གི་ཐོན་སྐྱེད་པས་འཇབ་རྒོལ་དང་གོང་མའི་མཚོ་དམག་དམག་གྲུའི་དཔུང་སྡེས་བཙན་འཛུལ། དེ་མིན་སྔོན་འཇར་མན་གྱི་ཚོང་པས་འདིར་༼སྲིད་འགྱུར༽བྱེད་རྩིས་བྱས་པ་བཅས་ཕྱི་དཀའ་ཁག་གང་མང་སེལ། མིག་སྔར་མའེ་ཁེར་གྱིས་རྗེ་དཔོན་སོགས་སྐུ་དྲག་གི་ཐོབ་ཐང་ཕྱིར་ཚོང་ལ་བརྟེན་ནསSealandཡིས་སྲིད་བསྲིངས།༼རྒྱལ་ཁབ༽འདི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོ་བཀོད་མེད་ལ། བདག་དབང་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གནས་བབ་ཀྱང་མེད་མོད། མའེ་ཁེར་གྱིས་མུ་མཐུད་དུ་སྙན་ཞུ་འབུལ་བའི་རེ་བ་བཅངས་ཡོད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། སྒྲོལ་མ།