▪རྒྱ་གར་གྱི་བསྒྱུར་རྩིས་མན་ངག་འདིར་དགའ་མཁན་མི་ཇེ་མང་རེད།
སྤེལ་བའི་དུས་ཚོད། : 2017-04-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ང་ཚོ་སློབ་ཆུང་འགྲིམ་པའི་སྐབས་ལ་9*9ཡི་བསྒྱུར་རྩིས་མན་ངག་བློ་ལ་ངེས་བས་དགའ་སྤྲོ་ཚད་མེད་སྐྱེས་དུས། རྒྱ་གར་གྱི་བྱིས་པ་ཚོས་19*19ཡི་བསྒྱུར་རྩིས་མན་ངག་ཤེས་ཡོད་པ་རེད།

ང་ཚོས་གཤམ་དུ་རྒྱ་གར་གྱི་19*19ཡི་བསྒྱུར་རྩིས་མན་ངག་ལ་རྒྱུས་ལོན་གཅིག་བྱ།

རྒྱ་གར་གྱི་བསྒྱུར་རྩིས་མན་ངག་གི་རེའུ་མིག་ནི་1ནས་19བར་ཡོད། (→19×19བསྒྱུར་ཐབས།) ཡིན་ནའང་བསྒྱུར་ཐབས་དེ་ང་ཚོ་དང་རྩ་བ་ནས་མི་འདྲ་བ་ཞིག་རེད།

ང་ཚོས་མཉམ་དུ་གོ་རིམ་རེ་རེ་བཞིན་བལྟ།

13 × 12 = ?

(བསྒྱུར་བྱ།) (སྒྱུར་བྱེད།)

གོ་རིམ་དང་པོ།

གྲངས་ཀ“13”དང་སྒྱུར་བྱེད་ཀྱི་གཅིག་གནས་གྲངས་“2”གཉིས་ཕན་ཚུན་སྣོན་དགོས།

13+2=15

གོ་རིམ་གཉིས་པ།

གོམ་པ་དང་པོ་ལས་ཐོབ་པའི་གྲངས་ཀ་དེར་“10”ཡིས་བསྒྱུར་བ།(→དེ་ནི་ཐོབ་འབྲས་དེའི་མཇུག་ཏུ་“0”གཅིག་བསྣན་པ་དང་མཚུངས།)

གོ་རིམ་གསུམ་པ།

དེ་ནས་བསྒྱུར་བྱའི་གཅིག་གནས་གྲངས་“3”དང་སྒྱུར་བྱེད་ཀྱི་གཅིག་གནས་གྲངས་“2”གཉིས་ཕན་ཚུན་བསྒྱུར་དགོས།

2×3=6

གོ་རིམ་བཞི་བ།

(13+2)×10+6=156

འདི་ལྟར་བློ་ཞིབ་མོས་རྩིས་བརྒྱབ་ན་11×11ནས་19×19བར་གྱི་བསྒྱུར་ཐབས་ནི་མྱུར་དུ་ཤེས་ཐུབ་ངེས།

ངོ་མཚར་བ་ཞིག་རེད་དམ།

གཤམ་དུ་ང་ཚོས་ཚོད་ལྟ་ཐེངས་ཤིག་བྱ།

14×13:

(1) 14+3=17

(2) 17×10=170

(3) 4×3=12

(4) 170+12=182

16×17:

(1) 16+7=23

(2) 23×10=230

(3) 6×7=42

(4) 230+42=272

19×19

(1) 19+9=28

(2) 28×10=280

(3) 9×9=81

(4) 280+81=361

བརྩི་ཐབས་འདི་སྟབས་བདེ་པོ་འདུག་གམ། མོས་པ་ཡོད་ན་ཉར་ཚགས་བྱས་ཏེ་གྲོགས་པོ་ཚོར་ངོ་སྤྲོད་བྱོས་ཡ།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། ཀླུ་འབུམ།