སྐབས་༥༩པའི་ཨ་མེ་རི་ཁའི་ཀེ་ལའེ་མེའི་བྱ་དགའ་ཐོབ་མཁན་ཕྱིར་བསྒྲགས་ཤིང་དབྱིན་ཇིའི་གླུ་མ་ཨ་ཏའེ་ཨེར་བྱ་དགའ་ཆེན་པོ༥ཐོབ།
སྤེལ་བའི་དུས་ཚོད། : 2017-02-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ༢བའི་ཚེ་༡༢ཉིན། དབྱིན་ཇི་གླུ་མ་ཨ་ཏའེ་ཨེར་གྱིས་ཨ་མེ་རི་ཁའི་ཁར་ལི་ཧྥི་ནེ་ཡ་མངའ་སྡེའིེ་ལུའོ་སན་ཅི་ལི་སི་རུ་བྱ་དགའ་ལྔ་བང་དུ་བླངས་ཡོད་པའི་རྣམ་པ།

སྐབས༥༩པའི་ཨ་མེ་རི་ཁའི་ཀེ་ལའེ་མེའི་རོལ་དབྱངས་བྱ་དགའི་(Grammy Awards)མཛད་སྒོ་སྤྱི་ཚེས༡༢ཉིན་གྱི་མཚན་མོར་ལུའོ་སན་ཅི་ལི་སིའི་ཐའེ་ཧྥེ་སུ་ལྟེ་གནས་སུ་འཚོགས་ཤིང་། དབྱིན་ཇི་གླུ་མ་ཨ་ཏའེ་ཨེར་ཆེད་སྒྲིག་གླུ་དབྱངས་《༢༥》དང་དེའི་ནང་གི་གླུ་གཞས་གཙོ་བོ་《Hello》ཞེས་པར་བརྟེན་ནས་ཁོ་མོར་ལོ་འཁོར་ཆེད་སྒྲིག་དང་། ལོ་འཁོར་གླུ་དབྱངས། ལོ་འཁོར་སྒྲིག་སྦྱོར། གླུ་གཞས་ཆེད་སྒྲིག་ཡག་ཤོས། དར་ཁྱབ་ཆེ་ཤོས་ཀྱི་གླུ་མ་བཅས་ཀྱི་བྱ་དགའ༥ཐོབ་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། གསེར་མཚོ།