ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ཁ་གསར་པར་གྱུར།

2020-09-08 16:05:00     责编:sangjzm

མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྤྱི་ལེ་ཁྲི་15.37ཡོད་པ་དང་། སྤྱིའི་མི་འབོར་ཁྲི་119.9ཟིན་ཞིང་། ས་ངོས་ཀྱི་རྒྱ་ཁྱོན་80%ཟིན་པ་དང་། སྨི་6000ཡན་གྱི་རི་བོ་20ལྷག་ཡོད་པ་རེད། དམིགས་བསལ་ས་དབྱིབས་ཀྱིས་ས་གཞི་འདི་ལ་འགྲན་ཟླ་བྲལ་བའི་མཛེས་སྡུག་དང་ངོ་མཚར་སྤྲད་མོད། ཡིན་ནའང་། ཡུལ་འདི་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་གཞན་ལས་ཁག་པོ་ཡོད་པ་རེད།

ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག དཀར་མཛེས་ཁུལ་གྱིས་ཁྱད་དུ་འཕགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་རྗེས་ཐོན་གྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་པ་དང་། ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བཏོད་ཡོད་པ་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་རིག་གནས་ཡུལ་སྐོར་གྱི་དབུལ་སྐྱོར་དམ་འཛིན་བྱ་གཞིར་བྱས་ནས། སྤུས་ཚད་མཐོ་བའི་འཛམ་གླིང་ཡུལ་སྐོར་བྱེད་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ཁུལ་བཙུགས་ནས་ལོ་70འཁོར་བའི་མཚམས་སུ་རིག་གནས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་རྒྱུགས་ཤོག་སྤྲད་ཡོད།

གྲོང་གསེབ་ཡུལ་སྐོར་གྱིས་དབུལ་ཕོངས་མི་འབོར་ཁྲི་1.8སྐུལ་ཁྲིད་བྱས་པ་དང་། ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་804འཕར་ཡོད།

1950ལོའི་ཟླ་11ཚེས་24ཉིན། རྒྱལ་ཡོངས་ཆེད་དོན་ཁུལ་རིམ་པའི་མི་རིགས་རང་སྐྱོང་ཁུལ་དང་པོ་སྟེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་རེད།

དེས་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ངོ་མཚར་རིག་གནས་ཀྱི་བང་མཛོད་ལྟ་བུའི་ས་གཞི་འདི་ཇི་ལྟར་དབུལ་སྒྲོལ་འགག་སྒྲོལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ཡོད་དམ།

གཅོང་རོང་གཡང་གཟར་མོད་པའི་རང་བྱུང་ཁོར་ཡུག་དང་། རིག་གནས་ཀྱི་རྔམ་ཁ་མཐུག་པོ་དང་ཐུན་མིན་ཁྱད་ཆོས་འཛོམས་པའི་ལོ་རྒྱུས་རིག་གནས་རྨང་གཞི་བྱས་ཏེ་དཀར་མཛེས་ཁུལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད། 1987ལོའི་ཟླ4པར། ལྕགས་ཟམ་རྫོང་གིས་དུང་དཀར་ལུང་ཤུར་གྱི་ཡུལ་སྐོར་གསར་སྤེལ་བྱེད་པ་གོ་སྐབས་སུ་བཟུང་ནས་དཀར་མཛེས་ཁུལ་གྱིས་མཛེས་ལྗོངས་གྲགས་ཅན་གྱི་ཡུལ་སྐོར་དོ་དམ་གྱི་ཆེད་དོན་སྒྲིག་གཞི་བཙུགས་པ་དང་། དེས་ཁུལ་ཡོངས་ཀྱི་ཡུལ་སྐོར་གསར་སྤེལ་དང་དོ་དམ་ལས་དོན་ལ་འགན་འཁུར་བ་རེད།

དེ་ནས་བཟུང་བརྗིད་ཆེའི་ས་གཞི་དེའི་ཐོག་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་ཡོད། 1987ལོའི་ཟླ10ཚེས15ཉིན། དུང་དཀར་ལུང་ཤུར་གྱི་འཁྱག་རོམ་ནགས་ཚལ་སྤྱི་གླིང་དངོས་སུ་གཉེར་འགོ་ཚུགས་པ་དང་དཀར་མཛེས་ཁུལ་གྱིས་དངོས་སུ་ཡུལ་སྐོར་བ་སྣེ་ལེན་ཞུས་པ་རེད། དུས་རབས་གོང་མའི་ལོ་རབས་80པ་ནས་ད་བར། ལྕགས་ཟམ་རྫོང་གི་ལྕགས་ཟམ་ཁ་དང་། རོང་བྲག་རྫོང་གི་བརྒྱད་ཅིག་གྲོང་སྡེ། ཉག་ཆུ་རྫོང་གི་ཁམས་པོའི་ཕོ་རྒོད་གྲོང་ཚོ། འདབ་པ་རྫོང་གི་ཉིན་སྟེང་། དར་མདོ་གྲོང་ཁྱེར་གྱི་མི་རྒོད་མཚོ། དཀར་མཛེས་རྫོང་གི་གེ་སར་རྒྱལ་པོའི་མཁར་གྲོང་། སྡེ་དགེ་རྫོང་གི་པར་ཁང་སོགས་ཡུལ་སྐོར་སྤུས་རྟགས་དང་མཛེས་ལྗོངས་ཁུལ་རིམ་བཞིན་ཡུལ་སྐོར་གྱི་མིང་བྱང་དུ་གྱུར་ཡོད། ཡུལ་སྐོར་ནི་རིམ་བཞིན་དཀར་མཛེས་ཁུལ་གྱི་གཙོ་ཁྲིད་ཐོན་ལས་སུ་གྱུར་པ་མ་ཟད། མང་ཚོགས་དབུལ་པོ་ལས་ཞུགས་དང་འབབ་འཕར་གང་ལེགས་ཐུབ་པའི་དམངས་ཕྱུག་ཐོན་ལས་སུའང་གྱུར་ཡོད།

ཡུལ་སྐོར་ལས་རིགས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱས་པས་དཀར་མཛེས་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དེས་མི་འབོར་དབུལ་པོ་ཁྲི་1.8ལས་ཞུགས་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་804བྱུང་ཡོད་པ་དང་། ཡུལ་སྐོར་དབུལ་སྐྱོར་གྱི་གཙོ་གནད་གྲོང་ཚོ་21དབུལ་ཞྭ་ཕུད་རྒྱུར་སྐུལ་འདེད་བཏང་བ་དང་། ལྕགས་ཟམ་རྫོང་དང་ཕྱག་ཕྲེང་རྫོང་དུ་ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ་2དང་། ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་12བསྐྲུན་ཡོད།

རིག་གནས་ཤུལ་བཞག་སྲུང་སྐྱོང་སྐས་རིམ་གསར་པར་སླེབས་ནས་གྲོང་མི་རྣམས་ཕྱུག་འགྱུར་ལ་སྣེ་ཁྲིད་པ།

མིག་སྔར། དཀར་མཛེས་ཁུལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། “གླིང་སྒྲུང”དང་། “ལྷ་མོ”“སྡེ་དགེའི་པར་ཁང་གི་པར་འདེབས་ལག་རྩལ”“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་རྣམ་གྲངས་4ཡོད་པ་དང་། འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲངས་འབོར་དང་དེ་བཞིན་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་བསྡོམས་འབོར་དེ་ཁུལ་མ་བཙུགས་གོང་ཅི་ཡང་མེད་པ་ནས་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད་པ་རེད།

དཀར་མཛེས་ཁུལ་དུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་366.98མངོན་འགྱུར་བྱུང་བ་དང་། འཕར་ཚད་ནི་ཞིང་ཆེན་ཡོངས་ལས་སྔོན་གྲས་ཡིན་པ།

2016ལོའི་ཟླ་2ཚེས་6ཉིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་དང་པོའི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ”གཏོད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་དཀར་མཛེས་ཁུལ་ཡོངས་གསར་གཏོད་ཁོངས་སུ་བཅུག་པ་རེད།

“འདི་ནི་ང་ཚོས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ལ། ང་ཚོས་ལོ་མང་རིང་འབད་བརྩོན་བྱེད་ས་དང་རེ་སྙེག་བྱེད་སའི་བཀྲ་ཤིས་པའི་བྱ་བ་དང་། དཀར་མཛེས་རྩ་བ་ནས་འཕེལ་རྒྱས་འགྲོ་ས་དང་། རིམ་སྤོར་ཕྱོགས་སྒྱུར་བྱེད་སའི་རེ་བ་བཅོལ་སའང་རེད། ”ཞེས་དཀར་མཛེས་ཁུལ་ཁུལ་ཨུད་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་བཤད། དཀར་མཛེས་ཁུལ་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད། ཁུལ་ཡོངས་ཀྱིས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཞིག་བྱས་ཏེ་གྲོང་ཚོར་གཙོ་ཁྲིད་ཐོན་ལས་ཡོད་པ་དང་དུད་ཚང་ལ་ཕྱུག་འགྱུར་ཐབས་ལམ་ཡོད་པ་ཞིག་བྱས་ཡོད།

ལོ་མང་རིང་གི་འཕེལ་རྒྱས་དང་གསོག་འཇོག་བརྒྱུད། ད་ཆ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས“སྐོར་གསུམ་རྒྱུད་གཅིག་དང་འདམ་ར་གཉིས”ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རྣམ་པ་རགས་ཙམ་ཆགས་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། “སྐོར་ལམ་གསུམ་”ཞེས་པ་ནི་གངས་ལྗོངས་གོང་དཀར་ཡུལ་སྐོར་ཁུལ་དང་། གནས་མཆོག་ཉི་སྟེང་ཡུལ་སྐོར་ཁུལ། དགེ་བསྙེན་གནས་རིའི་ཡུལ་སྐོར་ཁུལ་བཅས་ལ་ཟེར། “རྒྱུད་གཅིག་”ཅེས་པ་ནི་གེ་སར་རྒྱལ་པོའི་རིག་གནས་ཡུལ་སྐོར་རྒྱུད་ལ་ཟེར།

“འདམ་ར་གཉིས”ནི་སེར་ཤུལ་ཁྲོ་ཤུལ་གོང་མ་དང་ལི་ཐང་འབུམ་ཡག་རྩྭ་ཐང་གིས་མཚོན་པའི་རྩྭ་ཐང་དང་ས་མཐོའི་འདམ་ར་མཛེས་ཤོས་དེ་རེད།

དར་རྩེ་མདོ་གནམ་གྲུ་ཐང་དང་། ཉིན་སྟེང་གནམ་གྲུ་ཐང་། གེ་སར་གནམ་གྲུ་ཐང་། གཡག་དར་མྱུར་བགྲོད་གཞུང་ལམ་སོགས་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་པ་དང་བསྟུན། དཀར་མཛེས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཞིང་།“ཁུལ་གཅིག་དང་གནམ་ཐང་གསུམ”གྱི་འགྲིམ་འགྲུལ་རྣམ་པ་ཞིག་ཆགས་ནས་ཡུལ་སྐོར་ཤར་གཏོང་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་ཕྱིན་ནས། གནས་སྐོར་འཕེལ་རྒྱས་ཀྱི་མཐོ་ས་གསར་བ་བསྐྲུན་པར་སྟོབས་དང་ལྡན་པའི་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད། 2019ལོར་དཀར་མཛེས་ཁུལ་གྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་3316.69སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་366.98བྱུང་ནས་མི་ཐེངས་ཁྲི་3000ལྷག་ཙམ་སྣེ་ལེན་ཞུས་པ་རེད། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་སུམ་བརྒྱ་ལས་ཐོག་མར་བརྒལ་ནས། འཕར་ཚད་ནི་སི་ཁྲོན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ཁ་གསར་པར་གྱུར།

དཀར་མཛེས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྤྱི་ལེ་ཁྲི་15.37ཡོད་པ་དང་། སྤྱིའི་མི་འབོར་ཁྲི་119.9ཟིན་ཞིང་། ས་ངོས་ཀྱི་རྒྱ་ཁྱོན་80%ཟིན་པ་དང་། སྨི་6000ཡན་གྱི་རི་བོ་20ལྷག་ཡོད་པ་རེད། དམིགས་བསལ་ས་དབྱིབས་ཀྱིས་ས་གཞི་འདི་ལ་འགྲན་ཟླ་བྲལ་བའི་མཛེས་སྡུག་དང་ངོ་མཚར་སྤྲད་མོད། ཡིན་ནའང་། ཡུལ་འདི་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་གཞན་ལས་ཁག་པོ་ཡོད་པ་རེད།