ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

ཀོས་ནན་རྫོང་གི་མཛེས་མ་ལུང་ལྗོངས་རྒྱུ་ཁུལ་འགོ་ཚུགས་པའི་མཛད་སྒོ།

2020-09-05 10:29:00     责编:卓玛才让

ཀོས་ནན་རྫོང་གི་གཙགས་དྲུབ་གླུ་གར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་དང་མཛེས་མ་ལུང་ལྗོངས་རྒྱུ་ཁུལ་འགོ་ཚུགས་པའི་མཛད་སྒོ་བསྡུས་པ།

   ཟླ9པའི་ཚེས3ཉིན། ཀྲུང་གུང་ཀོས་ནན་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཀོས་ནན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། བྱ་མདོ་མི་དམངས་སྲིད་གཞུང་། བོད་ལྗོངས་འབྲི་ཆུ་དངུལ་གཏོང་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ཀྱིས་འགན་འགན་སྒྲུབ་གནང་བའི། ཀོས་ནན་རྫོང་གི་གཙགས་དྲུབ་གླུ་གར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་དང་མཛེས་མ་ལྗོངས་རྒྱུ་ཁུལ་འགོ་ཚུགས་པའི་མཛད་སྒོ་བྱ་མདོ་ཞང་དུ་བསྡུས་ཤིང་། ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་མཛད་སྒོར་ཞུགས།

   ཐེངས་འདིའི་མཛད་སྒོར“ལས་དབང་གི་མཇལ་འཕྲད་”ཅེས་པ་བརྗོད་དོན་དུ་བྱས་ཏེ། སྙན་ཞིང་འཇེབས་པའི་གླུ་གར་དང་བྱ་མདོའི་མཛེས་མའི་སྒེག་ཉམས་ལྡན་པའི་ཞབས་བྲོའི་སྟངས་སྟབས་དང་འགྲོགས་ནས་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བརྩམས། རང་བྱུང་ཡུལ་ལྗོངས་ཀྱི་བཀོད་པ་དང་། བོད་ཀྱི་སྲོལ་རྒྱུན་ཟས་རིགས་སྣ་ཚོགས། དེ་མིན་གསོན་ཉམས་དོད་པའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པའི་མཛེས་མ་ཤོམ་འགྲོའི་མི་རིགས་གྱོན་གོས་འགྲེམ་སྟོན་སོགས་གཞི་གཅིག་ཏུ་བྱས་ཏེ་ས་གནས་ཀྱི་ཐུན་མིན་རིག་གནས་ཀྱི་གཟི་བྱིན་མངོན་པར་བྱས།  རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས། མཛད་སྒོར་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན། རྒྱ་ཆེའི་ལྟད་མོ་བ་ཡོངས་ཟས་རིགས་འགྲེམས་སྟོན་ཡུལ་དངོས་སུ་སོང་ནས་བོད་ཟས་སྣ་ཚོགས་ཀྱི་རོ་བཅུད་ལ་རོལ་མྱོང་བྱས་པ་མ་ཟད། ཐང་ག་འབྲི་བཞེངས་དང་གཙེགས་དྲུབ་བཟོ་ལས་སོགས་ལ་ལྟ་སྐོར་བྱས་པས། ཀོས་ནན་རྫོང་ལ་མཐོ་སྒང་འབྲོག་གི་རྩྭ་ཐང་གི་ཕ་ཡུལ་དང་། བོད་ཀྱི་གཙེགས་དྲུབ་ཀྱི་ཕ་ཡུལ། བོད་ལུག་གི་ཕ་ཡུལ་ཞེས་པའི་མཚན་སྙན་མིང་དོན་དང་མཚུངས་བ་ཞིག་ཡིན་པ་ཡང་བསྐྱར་ཀུན་ལ་བག་ཆགས་ཟབ་མོ་བཞག 

    རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་འགའི་རིང་། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་བཅས་ཀྱི་བླ་མེད་རྒྱབ་སྐྱོར་འོག  ཀོས་ནན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཧྲིན་ཀྲང་ཝང་ཅུན་ཅོན་གྱི“མཛེས་པའི་ཡང་རྩེ་ནི་མི་ཡིན”ཞེས་པའི་དགོངས་དོན་ལག་ལེན་དུ་བསྟར་ནས། རྒྱལ་ཡོངས་ཀྱི་ནགས་ཚལ་ཞང་སྡེའི་ཁག་གཉིས་པར་བདམས་པའི་བྱ་མདོ་ཞང་སྡེ་མང་ལ་མཛེས་མ་ལུང་ལྗོངས་རྒྱུ་ཁུལ་འཛུགས་བསྐྲུན་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཟུང་དུ་སྦྲེལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཞང་སྡེའི་ལྗོངས་རྒྱུའི་ལོ་རྒྱུས་ཀྱི་དཔང་རྟགས་གསར་བ་བསྐྲུན་པས། གནས་འདི་རུ་སྲོལ་རྒྱུན་རིག་གནས་སྲུང་འཛིན་དང་རྨ་ཆུའི་རིག་གནས་འཕེལ་རྒྱས་བཏང་ནས། དམངས་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བགྲོད་ལམ་གསར་བ་ཞིག་གི་སྒོ་མོ་ཡངས་བར་ཕྱེས།

   ཀོས་ནན་རྫོང་ནི་ཞིང་ཕྱུགས་ཐོན་ལས་དང་། རྩྭ་ཐང་། ནགས་ཚལ། བྱེ་ཐང་སོགས་ཀྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཁྱད་པར་བ་ཞིག་ཡིན་སྟབས། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་དང་འབྲོག་ཞིང་ལས་འཕེལ་རྒྱས་གཏོང་བའི་རྟེན་གཞི་གཅོ་བོའི་གྲས་སུ་ཚུད་ཡོད་ལ། 2019ལོ་ནས་བཟུང་མུ་གེ་ཐང་བྱེ་ཐང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཀྱིས་རྐང་ཐང་དུ་བྱེ་ཐང་བརྒལ་བའི་ལུས་རྩལ་འགྲན་བསྡུར་སྤེལ་བར་བརྟེན། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་སྔར་བས་མང་པོའི་ཡིད་ཀྱི་བསྟན་པ་རབ་ཏུ་འཕྲོག་ནས་བྱེ་ཐང་གི་བྱ་འགུལ་མང་དུ་སྤེལ་ཏེ། བྱེ་ཐང་ཐོན་ཁུངས་ཡུལ་སྐོར་ལྗོངས་རྒྱུ་ཅན་དུ་བསྒྱུར་ཡོད་པ་རེད།  །  ༼ གསར་འགོད་པ། ཀླུ་འབུམ་ཚེ་རིང་།  གངས་བསོད།

 

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྐར་ཁུངས།

ཨ་རིའི་ཡུལ་མང་པོར་རིཊ་རྒྱུད་མཐོང་ཆུང་ལ་རྒོལ་བའི་བྱེད་སྒོ་སྤེལ་བ།

འདས་ཟིན་པའི་གཟའ་མཇུག་རིང་། ཅི་ནུའོ་ཧྲ་གྲོང་ཁྱེར་ཕུད། ཨ་ལེ་ཀེང་མངའ་སྡེའི་ཕོ་ཐེ་ལན་དང་དེ་བཞིན་དབྱི་ལི་ནུའོ་དབྱི་མངའ་སྡེའི་ཀྲེ་ཀ་ཀོ་རུའང་རིགས་རྒྱུད་ལ་མཐོང་ཆུང་དང་ཉེན་རྟོག་པས་དྲག་ཤུགས་ཁྲིམས་འཛིན་བྱས་པར་ངོ་རྒོལ་བྱེད་པའི་བྱེད་སྒོའང་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད། སྤྱི་ཚེས་29ཉིན། ཨ་ལེ་ཀང་མངའ་སྡེའི་ཁེ་ལ་ཁ་མ་སི་རུ་མི་འགའ་ཤས་ཀྱིས་མི་རྒྱུད་ནག་པོའི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན་ཞེས་པར་རྒོལ་གཏམ་གཏོང་བའི་བྱེད་སྒོའི་འདུ་འཛོམས་ཤིག་སྤེལ་ཡོད་

中央广播电视总台 央广网 版权所有

ཀོས་ནན་རྫོང་གི་མཛེས་མ་ལུང་ལྗོངས་རྒྱུ་ཁུལ་འགོ་ཚུགས་པའི་མཛད་སྒོ།

ཀོས་ནན་རྫོང་གི་གཙགས་དྲུབ་གླུ་གར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་དང་མཛེས་མ་ལུང་ལྗོངས་རྒྱུ་ཁུལ་འགོ་ཚུགས་པའི་མཛད་སྒོ་