ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

གནམ་གཤིས་འགྱུར་ལྡོག་ལས་མཚོ་བོད་མཐོ་སྒང་གི་མཚེའུ་ལ་ཤུགས་རྐྱེན་ཐེབས་ཚུལ།

2020-07-20 17:54:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་དབང་གིས་མཚོ་བོད་མཐོ་སྒང་དུ་ཁྱབ་པའི་རང་བྱུང་མཚེའུའི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཚེས་16ཉིན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་ཁང་དེའི་ཁོར་ཡུག་འགྱུར་ལྡོག་དང་རིམ་པ་མང་བའི་བརྒྱུད་རིམ་གྱི་ཚོགས་པའི་ཡོན་ཧྲི་ཡའོ་ཐན་ཏུང་སོགས་ཀྱིས་མཚོ་བོད་མཐོ་སྒང་གི་མཚེའུ་འགྱུར་ལྡོག་གི་དུས་ཚོད་རིམ་འགྱུར་ཆོས་ཉིད་དང་། བར་ཁོངས་ཀྱི་རྣམ་པ། སྐུལ་འདེད་ལམ་སྲོལ་བཅས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་། མཚེའུའི་འགྱུར་ལྡོག་གི་དམིགས་ཚད་སྤྱད་དེ་ཚན་རིག་ལས་རིགས་ལ་གནམ་གཤིས་འགྱུར་ལྡོག་ལས་མཚོ་བོད་མཐོ་སྒང་གི་མཚེའུ་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཚུལ་སྐོར་གྱི་“ལྗོངས་ཡོངས་ཀྱི་རི་མོ”བཟོས་ཡོད།

ཡོན་ཧྲི་ཡའོ་ཐན་ཏུང་ཚོགས་པས་ཞིབ་འཇུག་བརྒྱུད་མ་འོངས་པའི་དུས་ཡུན་ཐུང་ངུའི་ནང་། མཚོ་བོད་མཐོ་སྒང་གི་མཚེའུའི་གཞི་རྒྱ་མུ་མཐུད་ཆེ་རུ་འགྲོ་རྒྱུ་ཡིན་པས། རིག་ཚན་ལས་བརྒལ་བའི་མཚེའུ་ལ་ཞིབ་འཇུག་བྱས་ནས་ས་ཁོངས་དེའི་རླུང་ཁམས་ཆེ་མོའི་མུ་ཁྱུད་དང་། འཁྱགས་པའི་མུ་ཁྱུད། ཆུ་འཁོར་བཅས་ཕན་ཚུན་ནུས་པ་ཐོན་རེས་དང་ཆུའི་ཐོན་ཁུངས་དོ་དམ་བྱེད་པའི་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་གྱུར་ཡོད་པར་འདོད།

ཀྲུང་གོའི་ཚན་རིག་པས་མཚོ་བོད་མཐོ་སྒང་གི་མཚེའུ་ཡི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་། ཕྱི་རོལ་དུ་ལྟ་ཞིབ་ཚད་ལེན། དཔེ་དབྱིབས་ལད་ཟློས་ཞིབ་འཇུག་བྱས་འབྲས་བཅས་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་པ་བརྒྱུད། གནམ་གཤིས་འགྱུར་ལྡོག་གིས་མཚོ་བོད་མཐོ་སྒང་གི་མཚེའུ་ལ་ཤུགས་རྐྱེན་ཐེབས་ཚུལ་ཐད་ཀྱི་“ལྗོངས་ཡོངས་ཀྱི་རི་མོ་”ཡི་ཚན་ཞིབ་གྲུབ་འབྲས་ཀྱི་དཔྱད་རྩོམ་ཉེ་དུས་རྒྱལ་སྤྱིའི་ས་ཁམས་རིག་པའི་དུས་དེབ་རྩེ་གྲ《སའི་གོ་ལའི་ཚན་རིག་དཔྱད་གཏམ》(《Earth-ScienceReviews》)ཐོག་སྤེལ་ཡོད།

དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་སྟེ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་གོ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་ཆུའི་འཁོར་རྒྱུག་ལ་སྔར་བས་ཤེས་རྟོགས་ཡག་པོ་བྱས་ནས་ཆུ་དཔྱད་རིག་པ་དང་། མཚེའུ་འདམ་རིག་པ། འཁྱགས་ཀླུང་རིག་པ། རྒྱང་ཚོར་བེད་སྤྱོད་སོགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། “ལྗོངས་ཡོངས་ཀྱི་རི་མོ་”ཡིས་འགྲེམས་སྤེལ་བྱས་ཟིན་པའི་ཞིབ་འཇུག་བྱས་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་དང་དཔྱད་དཔོག་བྱས་པ་དང་། འདས་ཟིན་པའི་ལོ་50རིང་མཚོ་བོད་མཐོ་སྒང་གི་མཚེའུ་མ་ལག་གི་ལོ་མཚམས་དང་དུས་ཚིགས་འགྱུར་ལྡོག་གི་ཁྱད་ཆོས་དང་། མཚེའུ་ཡིས་གནམ་གཤིས་འགྱུར་ལྡོག་གི་ཕྱོགས་བསྡུས་དང་ལེན། མཚེའུའི་འགྱུར་ལྡོག་གི་རྒྱུ་རྐྱེན་ལ་ཚད་བཅད་དབྱེ་ཞིབ། མཚེའུ་རིམ་འགྱུར་དང་ཆགས་སྟངས་ཀྱི་སྐུལ་འདེད་ལམ་སྲོལ། དེ་བཞིན་མཚེའུ་ཡིས་འབྱུང་འགྱུར་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་དང་ལེན་སོགས་ཕྱོགས་བསྡུས་དབྱེ་ཞིབ་བྱས་འདུག

ཁོང་གིས། གནམ་གཤིས་འགྱུར་ལྡོག་གིས་མཚོ་བོད་མཐོ་སྒང་གི་མཚེའུ་ལ་ཤུགས་རྐྱེན་ཐེབས་ཚུལ་གྱི་“ལྗོངས་ཡོངས་ཀྱི་རི་མོའི”ཚན་རིག་ཞིབ་འཇུག་གི་བསྡོམས་ཚིག་དེ་ཕྱོགས་གསུམ་ལ་བསྡུས་ཆོག་པ་སྟེ།

གཅིག་ནི་མཚོ་བོད་མཐོ་སྒང་གི་མཚེའུ་ཡི་རྒྱ་ཁྱོན་དང་། ཆུ་གནས། ཆུ་འབོར་བཅས་ཀྱི་འགྱུར་ལྡོག་དེ་1970ལོ་ནས་1990ལོའི་དུས་དཀྱིལ་བར་ཅུང་ཆག་ཡོད་པ་དང་། དེ་རྗེས་རྒྱུན་མཐུད་ངང་མགྱོགས་པོར་འཕར་བའི་རྣམ་པ་མངོན་ཡོད།

གཉིས་ནི་མཚོ་བོད་མཐོ་སྒང་གི་མཚེའུ་ཡི་བར་ཁོངས་ཆགས་སྟངས་དེ་དབུས་བྱང་རྒྱུད་ཀྱི་མཚེའུ་སྤྱི་ཡོངས་ནས་འཕར་བ་དང་ལྷོ་རྒྱུད་ཀྱི་མཚེའུ་ཉུང་དུ་ཕྱིན་པ། དེ་དང་ཆབས་ཅིག་དབུས་རྒྱུད་དང་བྱང་རྒྱུད་ཀྱི་མཚེའུ་མང་ཆེ་བའི་དྲོད་ཚད་ཆག་པ་དང་ལྷོ་རྒྱུད་ཀྱི་དྲོད་ཚད་མཐོ་རུ་ཕྱིན་པ། བྱང་རྒྱུད་ཀྱི་མཚེའུ་དར་ཆགས་པའི་དུས་ནི་ལྷོ་རྒྱུད་ཀྱི་མཚེའུ་ལས་རིང་བ་ཡོད། གཞན་ཡང་མཚེའུ་ཡི་དྲོད་ཚད་འགྱུར་ལྡོག་དེ་ཆུ་གནས་ཀྱི་འགྱུར་ལྡོག་དང་མཚེའུ་ལ་དར་ཆགས་པའི་དུས་ཡུན་དང་འབྲེལ་བ་ཡོད།

གསུམ་ནི་མཚོ་བོད་མཐོ་སྒང་གི་ཆར་འབབ་ཚད་ཆེ་རུ་འགྲོ་བ་ནི་མཚེའུའི་ཆུ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། དེ་ནས་འཁྱགས་རོམ་ཞུ་བ་དང་འཁྱགས་ས་ཉམས་འགྲོ་བ་དེ་རེད། ནུབ་རྒྱ་མཚོ་ཆེན་མོའི་ལོ་རབས་བར་གྱི་འདར་ཡོམ་ནི་1990ལོའི་ལོ་རབས་བར་མའི་ཚུན་གྱི་ལོ་མང་པོར་མཚོ་དང་མཚེའུའི་གཞི་རྒྱ་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ཤས་ཆེ། ཨེར་ཉི་ནུའོ་དྲག་པོའི་དོན་རྐྱེན་གྱིས་1997ལོ་ནས་1998ལོ། 2015ལོ་ནས་2016ལོའི་མཚེའུའི་རྒྱ་ཁྱོན་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བཅུག་ཡོད།

中央广播电视总台 央广网 版权所有

གནམ་གཤིས་འགྱུར་ལྡོག་ལས་མཚོ་བོད་མཐོ་སྒང་གི་མཚེའུ་ལ་ཤུགས་རྐྱེན་ཐེབས་ཚུལ།

ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་དབང་གིས་མཚོ་བོད་མཐོ་སྒང་དུ་ཁྱབ་པའི་རང་བྱུང་མཚེའུའི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཚེས་16ཉིན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་ཁང་དེའི་ཁོར་ཡུག་འགྱུར་ལྡོག་དང་རིམ་པ་མང་བའི་བརྒྱུད་རིམ་གྱི་ཚོགས་པའི་ཡོན་ཧྲི་ཡའོ་ཐན་ཏུང་སོགས་ཀྱིས་མཚོ་བོད་མཐོ་