ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

དབྱར་གཞུང་གི་​ལྷ་ཀླུ་འདམ་རའི་རང་བྱུང་ཡུལ་ལྗོངས་མཛེས།

2020-07-14 14:57:00     责编:卓玛才让

ལྷ་ཀླུ་འདམ་རའི་མཛེས་ལྗོངས།

ལྷ་ཀླུ་འདམ་རའི་མཛེས་ལྗོངས།

ཕོ་བྲང་པོ་ཏ་ལ།

ལྷ་ཀླུ་འདམ་རའི་མཛེས་ལྗོངས།

ལྷ་ཀླུ་འདམ་ར་ནང་གི་ཆུ་བྱ་གཉིས།

ལྷ་ཀླུ་འདམ་རའི་མཛེས་ལྗོངས།

ལྷ་ཀླུ་འདམ་རའི་མཛེས་ལྗོངས།

ལྷ་ཀླུ་འདམ་རའི་ཆུ་བྱ།

ལྷ་ཀླུ་འདམ་ར་ནང་གི་བྱ་ཞིག

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་འདབས་སུ་གནས་པའི་ལྷ་ཀླུ་འདམ་རར་ཡུལ་སྐད་ཀྱིས“འདམ་ར་ཆེན་པོར”འབོད་ཞིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12ལས་བརྒལ་བའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེའི་རྒྱ་ཁྱོན་བཅུ་ཆའི་དགུ་ཡན་འདམ་རའི་སྔོ་ཤུན་ཀྱིས་ཁེབས་པས་རྒྱལ་ནང་གི་གྲོང་ཁྱེར་འདམ་ར་ཆེ་ཤོས་ཤིག་ཀྱང་ཡིན།

མི་ཀུན་གྱིས་ལྷ་ཀླུ་འདམ་ར་ལ་ལྷ་སའི་གློ་བ་ཞེས་བརྗོད་དེ། ལྷ་ཀླུ་འདམ་རས་ལྷ་སའི་རློན་ཚད་དང་དྲོད་ཚད་སྙོམས་སྒྲིག་བྱེད་པའི་ཐད་ནུས་བ་གལ་ཆེན་ཐོན་ཡོད། ལོ་མང་པོའི་རིང་ལྷ་ས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ཀླུ་འདམ་རར་སྲུང་སྐྱོང་ནན་མོ་དང་བཀག་སྡོམ་དོ་དམ་བྱེད་བཞིན་ཡོད།

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་དང་། ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན་ཟེར་བ་བཞིན། 2020ལོར་ལྷ་སའི་མི་དམངས་ལ“དམངས་འཚོའི་ཕྱག་རྟགས་ཆེན་པོ”ཞིག་འབྱོར་བ་དེ་ནི་ལོ་རེའི་ཟླ4བ་ནས་ཟླ10པའི་ཟླ་དཀྱིལ་བར་འདམ་ར་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་རྒྱུ་དང་། གཟའ་མིག་དམར་ནས་གཟའ་ཉི་མའི་བར་རིན་མི་དགོས་པར་དེར་ལྟ་སྐོར་བྱས་ཆོག་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་པ་རེད།

གྲོང་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལོངས་སུ་སྤྱོད་དེ་སྐྱེས་ཁམས་བདེ་སྐྱིད་དང་མཉམ་སྤྱོད་ཀྱིས་གྲོང་ཁྱེར་གྱི་གློ་བར་སྔར་ལས་ཤེས་རྟོགས་འབྱུང་ཞིང་བརྩེ་སེམས་བཅངས་ནས་ལྷ་ཀླུ་འདམ་ར་སྲུང་སྐྱོང་བྱེད་ཆེད། ཕྱོགས་བསྡུས་བཅོས་སྒྲིག་དང་ཁྱམས་ར་བཟོས་རྗེས་ལྷ་ཀླུ་འདམ་རར་མཛེས་སྡུག་ལྡན་པའི་ཉམས་འགྱུར་གསར་བའི་ངང་ཡང་བསྐྱར་ཡུལ་སྐོར་བ་རྣམས་བསུས། །

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有

དབྱར་གཞུང་གི་​ལྷ་ཀླུ་འདམ་རའི་རང་བྱུང་ཡུལ་ལྗོངས་མཛེས།