ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

རྔ་བ་ཁུལ་དབུལ་སྒྲོལ་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཟིན་བྲིས།

2020-07-07 17:11:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6པའི་ཟླ་དཀྱིལ་དུ། གསར་འགོད་པ་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་བསྐྱོད། ཁྲོན་ནུབ་མཐོ་སྒང་གི་གྲགས་ཆེ་བའི་གངས་རི་དང་རྩྭ་ཐང་འདིར་ད་ལོའི་ལོ་འགོར་ཁོངས་ཡོངས་སུ་དབུལ་སྒྲོལ་བྱུང་ཞིང་དབུལ་ཞྭ་ཕུད་ཡོད། ད་ལྟ། གནས་འདིའི་ཞིང་འབྲོག་མི་དམངས་རྣམས་ཀྱིས་གོམ་སྟབས་གསར་པ་སྤོས་ནས་དགའ་སྐྱིད་ལྡན་པའི་མ་འོངས་པར་བསྐྱོད་བཞིན་ཡོད།

ལོ་མང་སྔོན་གྱི་ཐོན་སྐྱེད་འཚོ་བ་གླེང་དུས། རྔ་བ་ཁུལ་གྱི་ཞིང་འབྲོག་མང་པོས་མགོ་བོ་གཡུག་གཡུག་བྱེད། ད་ཆར། དེ་ཚོ་ཚང་མ་འགྱུར་ལྡོག་བྱུང་ཡོད།

ལི་རྫོང་ཐའོ་ཕིང་གྲོང་རྡལ་ཅ་ཧྲན་གྲོང་ཚོའི་རི་བསྐོར་གཞུང་ལམ་སྔོ་ལྗང་ནགས་ཚལ་གྱིས་བཀབ་ཡོད། གྲོང་ཚོའི་ནང་གི་རི་བོ་ཀྲོང་ངེར་འགྲེང་ཞིང་གནམ་ལ་ཐུག་པ་དང་འདྲ། ཡུལ་མིས་ངོ་སྤྲོད་བྱས་པ་ལྟར་ན། དེ་སྔོན་མ་རྨོས་ལོ་ཏོག་དང་ཞོག་ཁོག་འདེབས་པ་དང་། ངལ་རྩོལ་དང་ས་བོན་གྱི་མ་རྩ་ཕུད་ཚེ་ད་དུང་གྱོང་ཁ་ཐེབས་ཀྱི་འདུག ད་ལྟ། རི་འདབས་ནི་སྲེའུ་སྡོང་པོ་ཡིན་པ་དང་རི་སྐེད་དུ་ཤིང་ཏོག་ལི་ཙིའི་སྡོང་བོ། རི་མགོར་ཀུ་ཤུའི་སྡོང་པོ་བཙུགས་ཡོད།

འཛམ་ཐང་རྗོང་དུ་ཞིང་འབྲོག་པ་མང་པོ“རྡོ་མདའ་མཁའ་ལམ”ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། “རྡོ་མདའ་མཁའ་ལམ”གྱི་ཆེས་མཐོ་སར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡོད་ཅིང་། དེས་འཛམ་ཐང་རྫོང་རྡོ་སྟོད་ཡུལ་ཚོ་དང་ན་མདའ་གྲོང་རྡལ་སྦྲེལ་ཡོད་ཅིང་། དེ་སྔོན་གྲོང་རྡལ་འདི་གཉིས་བར་ལ་འགྲོ་ཐུབ་པའི་ལམ་བུ་མེད།

རྡོ་སྟོད་གྲོང་རྡལ་བུ་རྒྱས་གྲོང་ཚོའི་འབྲོག་པ་དཔལ་གྲུབ་གྱིས། དེ་སྔོན་གྲོང་ཚོ་ནས་ཤང་གྲོང་རྡལ་ལ་འགྲོ་ན། ཕར་འགྲོ་ཚུར་འོང་ཐེངས་གཅིག་ལ་དུས་ཡུན་ཉིན་གཉིས་དགོས་པ་དང་། རྟར་ཞོན་ན་ཉིན་གཅིག་འགོར། འོ་མ་དང་ཕྱུགས་ཟོག་ཉོ་ཚོང་བྱེད་པར་དཀའ་ངལ་ཆེན་པོ་ལྡན་པ་སྟེ། “ཕྱུགས་ཟོག་ཚོང་རར་དེད་རྗེས། ཚོང་མ་འགྲིག་ན་ཡང་ཉིན་གཅིག་གི་དུས་ཚོད་སྤྱད་དེ་ཕྱིར་འདེད་དགོས་པས་ང་ཚོས་གོང་གཏམ་ཐུབ་ཀྱི་མེད།”ད་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་རྒྱབ་སྐྱོར་འོག “སྤྲིན་གསེབ་ཀྱི་དབུལ་སྐྱོར་ལམ་བུ། ”འདིས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་འདི་སྦྲེལ་ཐུབ་ཡོད། ད་ཆར། དཔལ་གྲུབ་འཕྲུལ་རྟར་ཞོན་ན་ཆུ་ཚོད་གཅིག་གིས་ཤང་གྲོང་རྡལ་ལ་སླེབས་ཐུབ་པ་དང་། ཁོང་ཚང་གིས་ལོ་གཅིག་ལ་འོ་མ་བཙོང་ནས་བསགས་པའི་ཡོང་འབབ་ཀྱིས་སྒོར་ཁྲི་1ཟིན་གྱི་ཡོད། གལ་ཏེ་ཕྱུགས་ཟོག་འཚོང་དགོས་ན། ཁ་པར་གཅིག་བཏང་ཚེ་ཚོང་བདག་སྒོ་ཁར་སླེབས་ཡོང་།
ཁྲོན་ནུབ་མཐོ་སྒང་གི་འགྱུར་ལྡོག་ནི་གང་ས་གང་དུ་མཐོང་རྒྱུ་ཡོད། རྔ་བ་རྫོང་དུ་སློབ་གྲྭའི་ཐོག་ཁང་མང་པོ་གསར་དུ་རྒྱག་བཞིན་ཡོད་པ་དང་། ཁྱུང་མཆུ་རྫོང་དུ་གཞུང་ལམ་བརྒྱུད་ནས་འོ་མ་བསྡུ་ལེན་ས་ཚིགས་བཙུགས་ཤིང་འབྲོག་པ་མང་ཚོགས་ཀྱིས་འོ་མ་འཚོང་བདེ་པོ་བྱས་ཡོད། ཟུང་ཆུ་རྫོང་དུ་གློག་རྡུལ་ཚོང་དོན་ཚ་ཚ་འུར་འུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།
ངར་ཤུགས་གཅིག་ཏུ་བསྒྲིལ་ནས་འགག་གནད་སྒྲོལ།

མིག་སྔར། རྔ་བ་ཁུལ་གྱི་རྫོང་(གྲོང་ཁྱེར)དབུལ་པོ་13ཚང་མས་དབུལ་ཞྭ་ཕུད་པ་དང་མི་འབོར་དབུལ་པོ་ཁྲི་10.34དབུལ་སྒྲོལ་ཐུབ་ཡོད། འདི་དག་ཚང་མ་ནི་དབུལ་སྐྱོར་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པས་ཡིན་ལ། ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་ངར་ཤུགས་དང་རང་སྟོབས་རང་སྤེལ་བྱས་པས་ཀྱང་ཡིན།

ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་ཁྲི་3.5ཡིས་ཞིང་འབྲོག་པ་དུད་ཚང་ཁྲི་19ལྷག་ཙམ་དང་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། ཧྲུའུ་ཅི་དང་པོ་600ལྷག་ཙམ་གྱིས་དབུལ་བྲལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད།

མཛོད་དགེ་རྫོང་རྐྱང་ཚ་ཤང་རྐེད་རྒྱུད་གྲོང་ཚོར། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ནས་ཡིན་པའི་ཨོ་རྒྱན་ཚེ་རིང་གིས་2015ལོའི་ཟླ་8པ་ནས་བཟུང་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་འཁུར་བ་རེད། ཁོང་གྲོང་ཚོར་འབྱོར་རྗེས་གྲོང་མི་སྣེ་ཁྲིད་དེ་ཀྲུང་ལུགས་སྨན་རྩྭ་བཏབ་པ་དང་། རང་བྱུང་ཁོར་ཡུག་གི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད།

འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་དམ་པོ་གྲོང་ཚོར། ལོ་ཤས་གོང་ཨ་ཆོས་ཀྱི་ཁྱོ་གར་ནད་ན་བ་དང་བུ་མོ་ཡང་སློབ་ཆེན་འགྲིམ་བཞིན་ཡོད་པས། ཁོ་མོའི་ཁྱིམ་ནད་གཞིས་རྐྱེན་པས་དུད་ཚང་དབུལ་པོར་གྱུར་ཡོད།

ཨ་ཆོས་རོགས་སྐྱོར་དང་ལེན་བྱེད་པའི་དུས་མཉམ་དུ་རང་གིས་ཀྱང་འབད་པ་ཆེན་པོ་བྱས་ཏེ། ཁོ་མོར་རོགས་སྐྱོར་བྱས་པའི་སྦྲང་མ་སྒམ་7 སྒམ་16དུ་འཕེལ་བཅུག ཁོ་མོས་ད་དུང་ཁྱིམ་མཚེས་ཚང་གི་ས་སྤྱད་དེ་གཡེར་སྡོང་མུའུ་ 40བཙུགས། “ལོ་འགའ་འགོར་ན་ཡོང་འབབ་ཅུང་ལེགས་པོ་ཡོད་རྒྱུ་རེད། ”ཅེས་ཨ་ཆོས་ཀྱིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

རྔ་བ་ཁུལ་དུ་ཞིང་འབྲོག་པ་ལ་ལས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་སློབ་སྦྱོང་བྱས་པ་བརྒྱུད་འཚོ་བ་གསར་པ་སྐྱེལ་ཡོད་པ་དང་ཁག་གཅིག་འདེབས་འཛུགས་མཁས་པར་གྱུར་ཡོད། ལ་ལས་འཕྲིན་སྦྲེལ་དྲ་བའི་ཚོང་གཉེར་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་གི་ཡོད།

“མ་འོངས་པའི་འཚོ་བ་སྔར་ལས་ལེགས་པོར་འགྱུར་ངེས་ཡིན།”

ཁྲོན་ནུབ་ས་མཐོར། ཞིང་འབྲོག་པ་ཕྱུག་འགྱུར་གྱི་གོམ་སྟབས་སྤོ་འགོ་ཚུགས་པ་དང་། ཁོང་ཚོས་འབྱུང་འགྱུར་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

ལི་རྫོང་ཀུབ་རོ་མགོ་གྲོང་ཚོ་ཁྱུ་ཏི་གྲོང་ཚོར་དམངས་ཤག་ཡུལ་སྐོར་ཚ་ཚ་འུར་འུར་ངང་སྤེལ་གྱི་ཡོད། དུད་ཚང་59ལ་རླངས་འཁོར་ཆུང་གྲས་70ལྷག་ཙམ་ཡོད་པ་དང་། གྲོང་མི་མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཡོད་པ་རེད།

མིག་སྔར། རྔ་བ་ཁུལ་གྱིས་ནུས་ཤུགས་ཡོད་ཚད་ཀྱིས་གཟི་རྩ་སྡེ་དགུ་དང་དོམ་ཁྲ། རྩྭ་ཐང་ཆེན་པོ་སོགས་ཀྱི་སྤུས་རྟགས་བཟོ་བཞིན་ཡོད། ཐོན་ལས་ཕྲེང་ཐག་ཡོངས་ཀྱིས་མཐའ་འཁོར་གྱི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། མའོ་རྫོང་དང་། ཝུན་ཁྲོན་རྫོང་། གཟི་རྩ་སྡེ་དགུ་རྫོང་སོགས་སུ་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ཉེ་བའི་ལོ་ལྔའི་རིང་། རྔ་བ་ཁུལ་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་991.33བྱུང་ཡོད།

ས་མཐོའི་འབྲོག་ཁུལ་དུའང་སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གནས་ཚུལ་ཡོད་པ་སྟེ། བསོད་ནམས་དོན་གྲུབ་སློབ་ཆེན་ནས་ཐོན་རྗེས་ཕ་ཡུལ་མཛོད་དགེ་རྫོང་དུ་ལོག་ཡོད། 2016ལོར་ཁོས་རོགས་པ་དང་མཉམ་དུ་ཀུང་སི་བཙུགས་ནས། འབྲོག་པས་གཡུག་བཞིན་ཡོད་པའི་ནོར་ཁུལ་ཉོ་སྒྲུབ་བྱས་ནས་ཐོན་རྫས་ལས་སྣོན་བྱས། “2019ལོའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་220ཟིན་ནས་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། ”ཅེས་བསོད་ནམས་དོན་གྲུབ་ཀྱིས་བཤད། དཔལ་སྐྱིད་གྲོང་རྡལ་ཆོས་རྗེ་ནང་བ་གྲོང་ཚོ་ནི་དེ་སྔ་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་ཀུང་སིས་ལོ་གཅིག་ནང་གྲོང་ཚོ་ནས་འབྲི་གཡག་གི་ཁུ་ལུ་ཏུན་4ཉོ་སྒྲུབ་བྱས་ཡོད་ཅིང་། གྲོང་ཚོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད།

ཟླ་6པའི་ཟླ་མཇུག ཟུང་ཆུ་རྫོང་གྲོང་ནང་གི“ཀྲུང་གོའི་ཁྱད་ལྡན་ཐོན་རྫས་རྔ་བ་ཁུལ་གྱི་དབུལ་སྐྱོར་ཁང་”ནང“དྲ་ཐོག་གི་གྲགས་ཅན”གཉིས་ཀྱིས་དྲ་བ་བརྒྱུད་ནས་གླ་ཚེར་བཏུང་བྱ་དང་སྐམ་ཤ་སོགས་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་ཀྱི་ཡོད། ཟུང་ཆུ་རྫོང་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་ཧོ་ཡོའེ་ཡིས། ན་ནིང་ལོར་དབུལ་སྐྱོར་ཁང་སྒོ་ཕྱེ་ཚུན། ཐོན་རྫས་སྣ་ཁ་499དྲ་ཐོག་ལ་བཞག་པ་དང་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་500ཟིན་ཡོད་པ་བཤད།

འཛམ་གླིང་སྐར་ཁུངས།

རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་གཏོར་བཤིག་གཏོང་མཁན་སུ་ཡིན།

དཔྱད་གཏམ་ནང་། རྫུན་གཏམ་ཁོ་ན་བརྗོད་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཉེ་དུས་གློ་བུར་དུ་གང་ཡིན་འདི་ཡིན་མེད་པའི་གཡོ་ཚུལ་གནས་སུ་ལྷུངས་ཡོད། ཁོས་ གཏམ་འཆལ་ཆེ་སྤེལ་བྱས་ནས་ཀྲུང་གོས་ཨ་ཧྥི་རི་ཁར་རོགས་སྐྱོར་བྱེད་པ་ནི་ཁ་བཤད་ལག་བསྟར་མ་ཐུབ་པའི་དམ་བཅའ་རེད་ཅེས་ཞེས་དམའ་འབེབས་བཏ

中央广播电视总台 央广网 版权所有

རྔ་བ་ཁུལ་དབུལ་སྒྲོལ་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ཟིན་བྲིས།

ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6པའི་ཟླ་དཀྱིལ་དུ། གསར་འགོད་པ་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་བསྐྱོད། ཁྲོན་ནུབ་མཐོ་སྒང་གི་གྲགས་ཆེ་བའི་གངས་རི་དང་རྩྭ་ཐང་འདིར་ད་ལོའི་ལོ་འགོར་ཁོངས་ཡོངས་སུ་དབུལ་སྒྲོལ་བྱུང་ཞིང་དབུལ་ཞྭ་ཕུད་ཡོད། ད་ལྟ། གནས་འདིའི་ཞིང་འབྲོག་མི་དམངས་རྣམས་ཀྱིས་གོམ་སྟབས་གསར་པ་སྤོས་ནས་དགའ་སྐྱིད་ལྡན་པའི་མ་འོངས་པར་བསྐྱོད་བཞིན་ཡོད།