ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

རབ་མཛེས་རྔ་བ། སྐྱེ་ཁམས་ཀྱི་ཁྱིམ་གཞིས།

2020-06-23 16:33:00     责编:卓玛才让

འདི་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གི་ནུབ་བྱང་ས་ཁུལ་དུ་ཡོད་པའི་མཚོ་ཆ་ཁྲའི་སྐྱེ་ཁམས་གནས་སྐོར་ཁུལ་རེད།

ཉེ་བའི་ལོ་འགའི་རིང་ལ་མཚོ་ཆ་ཁྲའི་བརླན་ས་སྐྱེ་ཁམས་ཉམས་གསོ་ཚོད་ལྟའི་ལས་གཞི་ལ་བརྟེན་ནས་མཚོ་ཆ་ཁྲའི་མཚེའུ་ཡི་ཆུ་གནས་ལི་སྨི52ཇེ་མཐོར་སོང་ཡོད་ཅིང་། མཚེའུ་ཡི་རྒྱ་ཁྱོན་སྤྱི་ཆིང215ནས་སྤྱི་ཆིང650བར་ཇེ་ཆེར་སོང་ཡོད། མཚོ་ཆ་ཁྲའི་བརླན་ས་དང་ཉེ་འཁོར་གྱི་ན་འདམ་སྤྱི་ཆིང892ཉམས་གསོ་བྱས་ཏེ། ལས་གཞི་ལག་བསྟར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་བྱེད་ནུས་སླར་གསོ་བྱུང་བར་སྐུལ་འདེད་ནུས་ལྡན་བྱས་ཡོད།

སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་ཡང་ཡིན། ཉེ་བའི་ལོ་འགའི་རིང་། ས་གནས་དེས་རང་བྱུང་ནགས་ཚལ་དང་ཐུན་མོང་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྩྭ་ཐང་གི་ཕྱུགས་འགོག་སོགས་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་རབ་དང་རིམ་པ་ལག་བསྟར་བྱས། དེ་དང་ཆབས་ཅིག་རྔ་བ་ཁུལ་གྱིས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མངའ་ཁོངས་ཀྱི་གྲོང་མིས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་ཆེན་པོ་བྱུང་། 2019ལོར་རྔ་བ་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3157ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར227.58མངོན་འགྱུར་བྱས་ཡོད་པ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有

རབ་མཛེས་རྔ་བ། སྐྱེ་ཁམས་ཀྱི་ཁྱིམ་གཞིས།