ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

ཚོན་མདངས་རྣམ་པར་བཀྲ་བའི་གངས་དཀར་རི་བོའི་མཛེས་པ།

2020-01-10 10:13:00     责编:sangjzm

གངས་དཀར་རི་བོ་ནི་གསེར་མདོག་འཇུ་ལག་རྫོང་གི་ཆེས་བརྗིད་ཉམས་ལྡན་པའི་རི་རྩེ་རེད།

དགུན་ཁར་དེའི་མཚར་སྡུག་རྣམ་པར་བཀྲ་བའི་མཛེས་པ་ཡིས་མི་གང་མང་ཞིག་གི་ཡིད་སེམས་དབང་མེད་བཀུག་ཡོང་།

ཚོན་མདངས་རྣམ་པར་བཀྲ་ཞིང་ལྷུང་ལྷུང་འབབ་པའི་ཆུ་རྒྱུན།

ཚོན་མདངས་རྣམ་པར་བཀྲ་བའི་རྦབ་ཆུ་ནི་གངས་དཀར་རི་བོའི་རི་ཕྱེད་ཀྱི་བར་དུ་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3900ཡས་མས་དང་། མཐོ་ཚད་ལ་སྨི10ལྷག་ཙམ་དང་ཞེང་ཚད་ལ་སྨི200ལྷག་ཙམ་ཡོད།

དབྱར་ཁར་ཆུ་མིག་ནང་དུ་གཏེར་རྒྱུ་མང་པོ་འདུས་ལ་དུས་ཡུན་རིང་བོར་ཆུ་རྒྱུན་བཞུར་མཚམས་ནས་ཚོན་མདངས་སྣ་ཚོགས་ཀྱི་དངོས་པོ་གང་མང་ཞིག་གྲུབ་པས། མི་རྣམས་ཀྱིས་དེར་ཚོན་མདངས་སྣམ་པར་བཀྲ་བའི་རྦབ་ཆུ་ཟེར།

དགུན་ཁར་འདིའི་རྦབ་ཆུ་ལ་དར་འཁྱགས་ལ་ཉི་འོད་རབ་ཏུ་འཕྲོས་པའི་འོག འཁྱགས་རོམ་གྱིས་ཚོན་མདངས་རྣམ་པར་བཀྲ་བའི་ཁ་དོག་སྣ་ཚོགས་མངོན་ཞིང་སྔོན་པོ་དང་སེར་པོ། ལྗང་ཁུ། དཀར་བོ་སོགས་ཉི་འོད་འོག་ཏུ་ཁྲ་ལམ་མེར་རབ་ཏུ་འཚེར།

འདི་ནི་གངས་འཁྱགས་ཀྱི་འཇིག་རྟེན་ཞིག

འདི་ནི་གངས་འཁྱགས་ཀྱིས་བཞེངས་པའི་ཕོ་བྲང་དཀར་བོ་ཞིག

 

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཚོན་མདངས་རྣམ་པར་བཀྲ་བའི་གངས་དཀར་རི་བོའི་མཛེས་པ།

ཚོན་མདངས་རྣམ་པར་བཀྲ་བའི་གངས་དཀར་རི་བོའི་མཛེས་པ།