ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

2019-10-22 09:59:00     责编:sangjzm


“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ”སླར་ཡང་ཕྱིར་འགྱངས་བྱ་འདོད་པ།

ཟླ་10ཚེས་19ཉིན། དབྱིན་ཇིའི་ལོན་ཏོན་གྱི་གྲོས་ཚོགས་ཐང་ཆེན་དུ་དབྱིན་ཇིའི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”སྤྱི་དམངས་ཀྱི་འདེམས་ཤོག་འཕེན་ཐེངས་གཉིས་པར་རྒྱབ་སྐྱོར་བྱེད་མཁན་ཚོས་གྲོས་ཚོགས་ཀྱི་གྲོས་ཁང་འོག་མས་འདེམས་ཤོག་འཕངས་ནས་འགག་རྩའི་བཟོ་བཅོས་འཆར་ཟིན་ཞིག་ལ་གྲོས་འཆམ་བྱུང་བ་ཤེས་རྗེས་དགའ་འབོད་བྱེད་བཞིན་པ། དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མས་ཚེས་19ཉིན་འདེམས་ཤོག་འཕངས་ནས་འགག་རྩའི་བཟོ་བཅོས་འཆར་ཟིན་ཞིག་ལ་གྲོས་འཆམ་བྱུང་བ་དང་། དོན་དངོས་ཐོག་དབུ་བཞུགས་བློན་ཆེན་ཇོང་སིན་གྱིས་ཡོ་རོབ་མནའ་འབྲེལ་ལ་འཕྲིན་ཡིག་གཏོང་དུ་བཅུག་ནས་“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ”སླར་ཡང་ཕྱིར་འགྱངས་བྱེད་རེ་ཞུས་པ་རེད།

ཁེན་ནི་ཡའི་དབུལ་པོའི་སྡོད་གནས།

ཟླ་10ཚེས་16ཉིན། ཁེན་ནི་ཡའི་ནེ་རོ་པི་ཅི་པེ་ལའི་དབུལ་པོའི་སྡོད་གནས་སུ་ཕྲུ་གུ་ཚོ་སློབ་གྲྭ་གྲོལ་རྗེས་རྩེད་མོ་རྩེ་བཞིན་པ། ཅི་པེ་ལའི་དབུལ་པོའི་སྡོད་གནས་ནི་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་ལྷོ་ནུབ་ཏུ་གནས་པ་དང་དེ་ནི་ནེ་རོ་པིའི་གྲོང་ཁྱེར་ནང་གི་དབུལ་པོའི་སྡོད་གནས་ཆེ་ཤོས་དེ་རེད།


ནེ་མཱ་ལྕགས་ལམ་གྱི་དུས་རིམ་དང་པོའི་མེ་འཁོར་ཤར་གཏོང་ཐུབ་པ།

ཟླ་10ཚེས་16ཉིན་ཁེན་ནི་ཡའི་ནེ་རོ་པེ་ནས་མཱ་ལ་པའི་བར་གྱི་ཚད་ལྡན་ལྕགས་ལམ་(ནེ་མཱ་ལྕགས་ལམ)གྱི་མའེ་མ་ཤིའུ་མེ་འཁོར་འབབ་ཚུགས་སུ་མེ་འཁོར་གཅིག་འགྲོ་གྲབས་ཡོད་པ། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁེན་ནི་ཡའི་ནེ་རོ་པེ་ནས་མཱ་ལ་པའི་བར་གྱི་ཚད་ལྡན་ལྕགས་ལམ་གྱི་དུས་རིམ་དང་པོའི་ལས་གྲྭ་ཚེས་16ཉིན་དངོས་སུ་འགྲུབ་ནས་མེ་འཁོར་ཤར་གཏོང་ཐུབ་པ་རེད།

སྐབས་རྗེས་མའི་ཟླ་ཐོག་འཇིག་རྟེན་འཕུར་སྐྱོད་ཀྱི་གྱོན་ཆས།

ཟླ་10ཚེས་15ཉིན། ཨ་རིའི་ཝ་ཧྲིང་ཐོན་གྱི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་སྤྱི་ཁྱབ་པུའུ་རུ་སྐབས་གསར་པའི་འཇིག་རྟེན་འཕུར་སྐྱོད་གྱོན་ཆས་གྱོན་པའི་བཟོ་བཀོད་པ་ཞིག་གིས་ལག་པ་བཀྱགས་ནས་གསལ་སྟོན་བྱེད་བཞིན་པ། ཚེས་15ཉིན། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་སྟབས་བསྟུན་རང་བཞིན་སྔར་བས་ཆེ་བ་དང་བདེ་འཇགས་རང་བཞིན་སྔར་བས་ཆེ་བའི་སྐབས་རྗེས་མའི་འཇིག་རྟེན་འཕུར་སྐྱོད་ཀྱི་གྱོན་ཆས་ཡོངས་བསྒྲགས་བྱས་པ་དང་། 2024ལོར་ཟླ་ཐོག་འཕུར་སྐྱོད་བྱེད་སྒོའི་ནང་བེད་སྤྱོད་གཏོང་རྩིས་ཡོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཅེ་ཀྲའོ་ཡིས་པར་བླངས།

ཁོ་ལོམ་པུ་ཉིན་གྱི་ཁྲོམ་སྐོར།

ཟླ་10ཚེས་14ཉིན། ཨ་རིའི་ཉིའུ་ཡོའུ་མན་ཧ་ཏུན་ལམ་ཆེན་ལྔ་པའི་ཐོག་བུ་མོ་ཆུང་ཆུང་ཞིག་ཁོ་ལོམ་པུ་ཉིན་གྱི་ཁྲོམ་སྐོར་རུ་ཁག་ཏུ་བསྐྱོད་བཞིན་པ། དེ་ཉིན་ཉིའུ་ཡོའུ་ཡིས་ཁོ་ལོམ་པུ་ཉིན་གྱི་ཁྲོམ་སྐོར་བྱས་ནས་དབྱི་ཐ་ལིའི་མཚོ་འགྲུལ་མཁས་ཅན་ཁེ་ལི་སི་ཐོ་ཧྥུ་ཁོ་ལོམ་པུས་ཐེངས་དང་པོར་མེ་གླིང་དུ་སླེབས་པར་དྲན་གསོ་ཞུས་པ་རེད།

ཙུང་ཐུང་བདམས་ཐོན་བྱུང་བ།

ཟླ་10ཚེས་13ཉིན་ཐུ་ནི་སིའི་རྒྱལ་ས་ཐུ་ནི་སི་གྲོང་ཁྱེར་དུ་ཁེ་སི་སའེ་དབྱི་ཏེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་དར་ལ་འོ་བྱེད་པ། ཐུ་ནི་སིའི་ཆེས་མཐོའི་རང་ཚུགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་14ཉིན་རང་ཚུགས་ཀྱི་བདམ་བྱའི་འོས་མི་ཁེ་སི་སའེ་དབྱི་ཏེ་ཐུ་ཉི་སིའི་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།

གྲོས་མཐུན་བྱུང་བ།

ཟླ་10ཚེས་17ཉིན་པེར་ཀྲེམ་གྱི་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཇོང་སིན་(གཡོན)དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་ཡིས་མཉམ་དུ་གསར་འགོད་པར་ཐུག་སྐབས་ལག་འཇུས་བྱས། ཚེས་17ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་དབྱིན་ཇིའི་སྲིད་གཞུང་དབར་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”སྐོར་གྲོས་མཐུན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།

中央广播电视总台 央广网 版权所有