བྱེ་ཐང་དུ་ཆགས་པའི་གྲོང་ཁྱེར་ངོ་མཚར་བ།
2019-08-25 17:21:00
|
0

ཏུའུ་པེ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བྱེ་ཐང་དུ་ཆགས་པའི་གྲོང་ཆེར་ངོ་མཚར་བ་ཞིག་ཡིན་ཞིང་། ཉེ་བའི་ལོ་ངོ་ཉི་ཤུ་ཙམ་རིང་གྲོང་ཁྱེར་ཤིན་ཏུ་ཆུང་བ་ཞིག་ནས་མགྱོགས་མྱུར་ངང་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་འཕེལ་རྒྱས་བྱུང་།

གྲོང་ཁྱེར་འདི་ནི་དཀྱིལ་ཤར་ས་ཁུལ་གྱི་དཔལ་འབྱོར་གྱི་ལྟེ་བ་ཡིན་པ་མ་ཟད། རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་གྲས་ཀྱི་གཅིག་ཡིན་ཞིང་། ཤར་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་མ་རྩའི་ཁྲོམ་རའི་འབྲེལ་ཟམ་ལྟ་བུར་གྱུར་ཡོད། འདིར་འཛམ་གླིང་གི་སྐར་རིམ་བདུན་པའི་མགྲོན་ཁང་ཐོག་མ་དང་། འཛམ་གླིང་གི་ཐོག་ཁང་མཐོ་ཤོས། འཛམ་གླིང་གི་ཉོ་ཚོང་ལྟེ་གནས་ཆེ་ཤོས། དེ་བཞིན་འཛམ་གླིང་གི་ཁང་ནང་གངས་ཤུད་ར་བ་ཆེ་ཤོས་སོགས་ཡོད་ཅིང་། འཛམ་གླིང་གི་ཨང་དང་པོའི་ཟིན་ཐོ་མང་པོ་བཏོད་ཡོད།

1969ལོར་ས་འདི་ནས་རྡོ་སྣུམ་སྔོག་འདོན་བྱེད་འགོ་ཚུགས་པ་ནས་2010ལོའི་བར། གྲོང་ཁྱེར་གྱི་དཔལ་འབྱོར་གཙོ་བོ་རྡོ་སྣུམ་ལ་བརྟེན་ཡོད་ཅིང་། 2010ལོའི་རྗེས་སུ་གཙོ་བོ་ཡུལ་སྐོར་དང་མཁའ་འགྲུལ། ས་ཁང་བདག་ཁོངས། དངུལ་རྩའི་ཞབས་ཞུ་སོགས་ལ་བརྟེན་ཡོད།

   མདུན་ངོས་སུ་ལོག་པ།