པར་གྱི་ལམ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་དྲན་གསོ་ཞུ་བ།
2019-01-29 17:36:00
|
0

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་ཐུབ་པའི་མདུན་དུ་ཕྱག་འཚལ་བཞིན་པ།

ཟླ་1ཚེས་28ཉིན་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་སུམ་ཅུ་འཁོར་བའི་ཉིན་མོ་ཡིན་ལ། དམིགས་བསལ་གྱི་ཉིན་མོ་འདིར། དེ་སྔ་བོད་དུ་པར་རྒྱག་པའི་ལས་དོན་གཉེར་ནས་ལོ་ངོ་བཞི་བཅུ་ཙམ་འདས་པའི་གསར་འགོད་པ་རྒན་པ་ལིའུ་ལིས་ཅ་ཡིས་སེམས་ཞིབ་མོས་རང་ཉིད་ཀྱིས་བླངས་པའི་པར་ཁག་གཅིག་ལེགས་སྒྲིག་བྱས་ནས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རྗེས་དྲན་ཞུས་ཡོད།
སྐུ་པར་ནང་གི་རིན་པོ་ཆེ་ནི་བློ་གྲོས་དང་བརྩེ་བས་ཕྱུག་ཅིང་། ད་དུང་ང་ཚོ་དང་མཉམ་དུ་བཞུགས་ཨང་འདྲ་བར་སྣང་འདུག ང་ཚོས་སྐུ་པར་རྩ་ཆེན་འདི་དག་དང་མཉམ་དུ། རིན་པོ་ཆེ་མཆོག་ལ་དྲན་གསོ་ཞིག་བྱ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙུག་ལག་ཁང་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་འབྲས་སྤུངས་དགོན་དུ་ཆོ་ག་སྤེལ་བར་ཕེབས་པར། རྒྱ་ཆེའི་དགེ་འདུན་པའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བཀྲ་ཤིས་ལྷུན་པོ་དགོན་དུ་བཞུགས་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་མ་ཡུམ་གཉིས་ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་མདུན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཁང་ལ་གཟིགས་ཞིབ་གནང་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་སྨན་རྫས་བཟོ་གྲྭར་གཟིགས་ཞིབ་གནང་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་གཟིགས་ཞིབ་གནང་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ལྷ་སའི་མཐུན་སྒྲིལ་ཁ་གདན་ཐོན་སྐྱེད་མཉམ་ལས་ཁང་ལ་གཟིགས་ཞིབ་གནང་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་ལ་གཟིགས་ཞིབ་གནང་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་20འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཏུ་གསུང་བཤད་གནང་བཞིན་པ། 

 

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ལྷ་སའི་གཙུག་ལག་ཁང་གི་སྨོན་ལམ་ཆེན་མོའི་ཐོག་རྒྱ་ཆེའི་དགེ་འདུན་པར་ཆོས་གསུང་བཞིན་པ།

སེ་ར་དགོན་གྱི་དགེ་འདུན་པ་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གསུང་བཤད་ལ་ནན་ཏན་གྱིས་ཉན་བཞིན་ཡོད་པ།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།