གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།
2019-01-29 10:27:00
|
0

བཀག་པ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན་གྱི་སྐྱ་རེངས་མཚམས་ལ། སི་རི་ཡའི་ཏ་མ་ཧྲི་གེ་རུ། སི་རི་ཡའི་མཁའ་ཟོན་རྒྱུད་ཁོངས་ཀྱིས་འཇབ་རྒོལ་འཕུར་མདེལ་བཀག་ཡོད།

ཟླ་བ་དམར་པོ།

ཟླ་1ཚེས་20ཉིན། ཨ་རིའི་ལོ་ཧྲན་ཅི་ནས་“ཆེས་ཆེ་བའི་ཟླ་བ་དམར་པོ”སྟེ་ཟླ་བ་ཧྲིལ་འཛིན་གྱི་གོ་རིམ་ཡོངས་པར་དུ་བླངས་ཡོད་པ།

དམག་གཟིགས་ར་བའི་ཞོགས་པ།

ཟླ་1ཚེས་20ཉིན། ལོ་སིའི་མི་དམངས་དམག་གི་དམག་མི་བཙུགས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཞུ་བའི་འདུ་ཚོགས་ལོ་སིའི་ཝན་ཐེན་གྱི་ཁུའུ་མ་ཏན་སློབ་གླིང་གི་དམག་གཟིགས་ར་བ་རུ་སྤེལ་བ་རེད།

མཛེས་སྡུག་ལྡན་པའི་གུའུ་ལེ་སི་ཐན་ཕོ་བྲང་།

ཟླ་1ཚེས་23ཉིན། གུའུ་ལེ་སི་ཐན་ཕོ་བྲང་ནི་ཐེ་ཧེ་རན་གྱི་གནའ་བོའི་འཛུགས་སྐྲུན་ཚོགས་ཀྱི་གཅིག་ཡིན་པ་དང་། དེའི་ཁང་པ་གཙོ་བོ་ནི་སཱ་ཧྥ་ཝེ་རྒྱལ་རབས་སྐབས་སུ་བསྐྲུན་པ་རེད། 2013ལོར། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་གུའུ་ལེ་སི་ཐན་ཕོ་བྲང་དེ་འཛམ་གླིང་རིག་གནས་ཤུལ་བཞག་ནང་བཀོད་ཡོད།

དུས་གོས་ངོམ་པ།

ཟླ་1ཚེས་24ཉིན། སི་ཕེན་གྱི་མ་ཏེ་རིའི་དུས་གོས་གཟའ་འཁོར་སྟེང་། མོལ་ཐྲོལ་གྱིས་ཇུས་འགོད་པ་ལི་ཝེ་ལི་ཀྲེན་གྱི་དུས་གོས་གསར་པ་ངོམ་བཞིན་པ།

ཆུ་འོག་གི་གནའ་རྫས་རྟོག་ཞིབ།

ཟླ་1ཚེས་16ཉིན། གནའ་རྫས་རྟོག་ཞིབ་མི་སྣས་ཧྲ་ཐེ་སའེ་ལིན་ཀང་གི་རྗེས་ཤུལ་དུ་ཆུ་འོག་ཏུ་ལས་ཀ་སྒྲུབ་བཞིན་པ།

སྐྱབས་བཅོལ་བ་རྒྱལ་ནང་དུ་ལོག་པ།

ཟླ་1ཚེས་24ཉིན། ལེ་པ་ནོན་བྱང་རྒྱུད་གྲོང་ཁྱེར་ལི་པའོ་ལི་རུ། རྒྱལ་ནང་དུ་ལོག་རྒྱུ་ཡིན་པའི་སི་རི་ཡའི་སྐྱབས་བཅོལ་མི་སྣས་གཉེན་ཉེ་དང་བདེ་མོ་འཇོག་བཞིན་པ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས།

ཟླ་1ཚེས་22ཉིན། སུའེ་ཙེར་གྱི་གྲོང་རྡལ་ཏ་ཝའོ་སི་རུ་སྤེལ་བའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ 2019ལོའི་ལོ་འཁོར་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག མི་རྣམས་ཀྱིས་ཨཱར་ཕེ་སིའི་དུང་རིང་བུས་ནས་སྐུ་མགྲོན་བསུ་བཞིན་པ།

ས་ཕག་ལོ་སླེབས་ལ་ཉེ་བ།

ཟླ་1ཚེས་24ཉིན། ས་ཕག་ལོའི་ལོ་གསར་སླེབས་ལ་ཉེ་བའི་དུས་འདིར། སིང་ཀ་ཕོར་གྱི་སྲོག་ཆགས་གླིང་གས་ཕག་གི་འགྲེམ་སྟོན་ཁུལ་དུ་ལུགས་རྙིང་ལོ་གསར་གྱི་རྒྱན་ཆ་སྤྲས་ཡོད་པ།

《ཡ་ཐན་ཆིངས་ཡིག》

ཟླ་1ཚེས་22ཉིན། འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁེ་ལུང་གིས་འཇར་མན་ནུབ་རྒྱུད་གྲོང་ཁྱེར་ཡ་ཐན་དུ་《འཇར་མན་དང་ཧྥ་རན་སིའི་བར་གྱི་མཉམ་ལས་དང་གཞི་གཅིག་ཅན་སྐོར་གྱི་ཆིངས་ཡིག》(《ཡ་ཐན་ཆིངས་ཡིག》)ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་ཡོ་རོབ་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་པར་ནན་བཤད་བྱས་ཡོད།

མཐོ་རིམ་གྱི་བཀོད་པ།

ཟླ་1ཚེས་23ཉིན། ཧྥ་རན་སིའི་པ་ལི་ནས་སྤེལ་བའི་མཐོ་རིམ་བཀོད་པའི་དུས་གོས་གཟའ་འཁོར་ཐོག མོལ་ཐྲོལ་གྱིས་ཀྲུང་གོའི་ཇུས་འགོད་པ་ཀུའོ་ཕའེ་ཡིས་བཟོས་པའི་2019ལོའི་དཔྱིད་དབྱར་དུས་ཀྱི་མཐོ་རིམ་བཀོད་པའི་དུས་གོས་ངོམ་བཞིན་པ།

ཇུས་གཞི་ཚབ་མ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་མེ་ཡིས་ཚེས་21ཉིན་གྲོས་ཁང་འོག་མ་ནས་ཡོ་རོབ་མནའ་འབྲེལ་གྱི་ཆིངས་ཡིག་ནས་ཕྱིར་འབུད་པའི་ཇུས་གཞི་ཚབ་མ་སྤྱི་བསྒྲགས་བྱས་ཤིང་། གྲོས་གཞིའི་ནང་དབྱིན་ཇི་དང་ཨར་ལན་མཐའ་མཚམས་ཀྱི“གྲབས་ཉར་བཀོད་སྒྲིག་”ལ་ཡོ་རོབ་མནའ་འབྲེལ་གྱིས་བཟོད་སྒོམ་བྱ་དགོས་པའི་རེ་བ་བསྟན་ཡོད།

འབྲེལ་བ་བཅད་པ།

ཟླ་1ཚེས་23ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་ཡིས་ཝེ་ནེ་ཙུའེ་ལ་དང་ཨ་རིའི་བར་གྱི་འབྲེལ་བ་དངོས་སུ་བཅད་པ་ཁྱབ་བསྒྲགས་བྱས། འདི་ནི་ཝེ་ནེ་ཙུའེ་ལའི་ཁ་ར་ཁ་སིར། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་(དབུས)མང་ཚོགས་འདུ་འཛོམས་སུ་ཞུགས་སྐབས་རྒྱལ་དར་གཡུག་པའི་རྣམ་པ།

མིང་བརྗེ་བའི་གྲོས་མོལ།

ཟླ་1ཚེས་25ཉིན། ཀེ་རེ་སེའི་གྲོས་ཚོགས་ལ་རྒྱབ་སྐྱོར་འདེམས་ཤོག་153དང་ངོ་རྒོལ་འདེམས་ཤོག་146གི་མཇུག་འབྲས་ཐོབ་སྟེ། ཀེ་རེ་སེའི་སྲིད་གཞུང་དང་ཁྱིམ་མཚེས་རྒྱལ་ཁབ་མ་ཆི་ཏུན་སྲིད་གཞུང་གིས་མ་ཆི་ཏུན་རྒྱལ་ཁབ་ཀྱི་མིང་དུ་གསར་བསྒྱུར་བྱེད་པའི་ཐད་ནས་གྲོས་མཐུན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་མ་ཆི་ཏུན་རྒྱལ་ཁབ་ཀྱི་མིང་ཐད་ནས་ལོ་ངོ་20རིང་ལ་རྩོད་གླེང་བྱས་པ་མཇུག་བསྒྲིལ་བ་རེད།

གསོལ་འདེབས།

ཟླ་1ཚེས་26ཉིན། པར་ཙིར་གྱི་མི་ནེ་སི་ཅི་ལ་སི་མངའ་སྡེའི་པུའུ་ལའོ་མ་ཏི་ནུའུ་གྲོང་ཁྱེར་ཉེ་འཁོར་གྱི་རོགས་སྐྱོར་ས་ཚིགས་ཤིག་ཏུ། གར་སོང་ཆ་མེད་གྱུར་མཁན་གྱི་ཁྱིམ་མིས་ལག་པ་འཇུས་ནས་གསོལ་བ་སྨོན་ལམ་འདེབས་བཞིན་པ། པར་ཙིར་གྱི་མེ་ཟོན་སྡེ་ཚན་གྱིས་ཚེས་26ཉིན་བརྡ་ཁྱབ་བཏང་དོན། མི་ནེ་སི་ཅི་ལ་སི་མངའ་སྡེའི་ལྕགས་གཏེར་སྙིགས་རོ་ཆུ་རགས་སུ་ཚེས་25ཉིན་རགས་ཁ་ཤོར་བའི་དོན་རྐྱེན་བྱུང་སྟེ་ད་ལྟའི་བར་དུ་མི་34རྐྱེན་ལམ་དུ་ཤོར་བ་བརྗོད་ཡོད།

གཏེར་རགས་ཤོར་བ།

ཟླ་1ཚེས་25ཉིན། པར་ཙིར་གྱི་མེ་ཟོན་སྡེ་ཚན་གྱིས། མི་ནེ་སི་ཅི་ལ་སི་མངའ་སྡེར་ལྕགས་གཏེར་སྙིགས་རོའི་གཏེར་རགས་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་4ལ་རྨས་ཕོག་པ་དང་། མི་200ལྷག་གར་སོང་ཆ་མེད་གྱུར་ཡོད་པར་བཤད།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།