གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་གསར་འགྱུར།
2018-12-25 17:05:00
|
0

ཟླ་12ཚེས་18ཉིན། པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་མི་ཞེར་གྱིས་རྒྱལ་པོར་དགོངས་ཞུའི་ཞུ་ཡིག་ཕུལ་བ་དང་། པེར་ཀྲེམ་རྒྱལ་ནང་གི་ཏང་ཤོག་ཁག་གི་འགོ་ཁྲིད་ཀྱིས་ཉིན་གསུམ་རིང་ཞིབ་ཚགས་ཀྱི་གྲོས་མོལ་བྱས་རྗེས། པེར་ཀྲེམ་གྱི་རྒྱལ་པོ་ཧྥེ་ལི་ཕུའུ་ཡིས་དངོས་སུ་དབུ་བཞུགས་བློན་ཆེན་མི་ཞེར་གྱི་དགོངས་ཞུའི་ཡི་གེ་དང་ལེན་བྱས་པ་དང་། དུས་མཚུངས་སུ། ཁོང་གིས་ལྟ་སྲུང་སྲིད་གཞུང་གི་འགོ་ཁྲིད་མུ་མཐུད་གནང་ནས་རྒྱུན་ལྡན་གྱི་ལས་དོན་བསྒྲུབ་པའི་འགན་འཁུར་དགོས་པའི་རེ་བ་བཏོན་པ་རེད།

རྔམ་སྟོན།

ཟླ་12ཚེས་21ཉིན། ཅ་ཧྲ་ཁུལ་གྱི་མཐའ་མཚམས་ས་ཁུལ་དུ་ཕ་ལེ་སི་ཐན་གྱི་དམངས་ཚོགས་དང་དབྱི་སི་རལ་གྱི་དམག་མིའི་དབར་འཁྲུག་རྩོད་ཐོན་ནས། འཁྲུག་རྩོད་ནང་ཕ་ལེ་སི་ཐན་གྱི་མི་3དབྱི་སི་རལ་གྱི་དམག་མིས་མེ་མདའ་བརྒྱབ་ནས་བསད་པ་དང་། དེའི་ཁྲོད་ནར་མ་སོན་པའི་མི་གཅིག་ཡོད་པ་རེད།

ཁ་བ་ཐོག་མ།

ཟླ་12ཚེས་16ཉིན། འཇར་མན་གྱི་ཧྥ་ལན་ཁེ་ཧྥུའི་ལུའུ་པའོ་སྤྱི་གླིང་དུ་མི་རྣམས་ཀྱིས་ཁ་བའི་ཁྲོད་པར་ལེན་བྱེད་བཞིན་པ།

སྐོར་བ་རྒྱག་པ།

འདི་ནི་ཟླ་12ཚེས་18ཉིན། འཇར་མན་གྱི་ཧན་པའོ་ཡེ་ཤུའི་འཁྲུངས་སྐར་གྱི་ཚོང་ར་ནས་པར་བླངས་པའི་སྐོར་བ་རྒྱག་པའི་རོལ་རྩེད་རྟ་ཡིན་པ།

འཁྱགས་པའི་བརྩམས་ཆོས།

འདི་ནི་ཟླ་12ཚེས་20ཉིན། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་གྲོང་ཁྱེར་གྱི་ཕི་ཏེ་པོའོ་ལའོ་བཙན་རྫོང་ནས་པར་བླངས་པའི་འཁྱགས་པས་བཟོས་པའི་བརྩམས་ཆོས་ཡིན་པ།

མར་ཆགས་པ།

ཟླ་12ཚེས་20ཉིན། ཉིའུ་གཡོད་རྐང་དངུལ་ཉོ་ཚོང་ཚོང་རའི་རྐང་དངུལ་སྟོན་གྲངས་ཆེན་པོ་གསུམ་ཚེས་20ཉིན་མར་ཆགས་པ་བསྟན་ཤིང་། ཆག་ཚད་1.5%ལས་བརྒལ་ཡོད།

ལས་མཚམས་བཞག་པ།

ཨ་རིའི་རྒྱལ་ཚོགས་ཐོག་སྐབས་འཕྲལ་གྱི་དངུལ་གཏོང་སྤྲོད་ཁྲིམས་གཞིར་གྲོས་མཐུན་གཅིག་གྱུར་བྱུང་མེད་པས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་སྒྲིག་གཞི་ཁག་གཅིག་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང"ལས་མཚམས་བཞག་པ"རེད།

རྡིབ་པ།

ས་གནས་དེའི་དུས་ཚོད་ཟླ་12ཚེས་18ཉིན་གྱི་དགོང་མོར། ཧིན་རྡུ་ཉི་ཞི་ཡའི་ཏུང་ཀཱ་ཝ་ཞིང་ཆེན་གྱི་སི་ཧྲུའུ་གྲོང་ཁྱེར་དུ་ལམ་རྡིབ་པའི་དོན་རྐྱེན་ཐོན་པ་དང་། འགྲིམ་འགྲུལ་ཆད་ཡོད་པ་རེད་། ཡིན་ཡང་དོན་རྐྱེན་དེའི་ཁྲོད་མི་སྣ་འཆི་རྨས་བྱུང་མེད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། སངས་སྒྲོལ།

   མདུན་ངོས་སུ་ལོག་པ།