གཟའ་འཁོར་གཅིག་རིང་གི་གནམ་འོག་གསར་འགྱུར།
2018-12-05 15:27:00
|
0

ཟླ་11ཚེས་27ཉིན། ཁ་ན་ཏའི་"འཕྲུལ་སྣང་རྟེན་རྫས་བཤམས་མཛོད་ཁང"ཏུའོ་ལུན་ཏུའོ་རུ་སྒོ་འབྱེད་ནས་སྐུ་མགྲོན་བསུས་པ་རེད། འདི་ནི་ཁ་ན་ཏའི་ཏུའོ་ལུན་ཏུའོ་རུ་ལྟ་སྐོར་བ་ཞིག་གིས་"འཕྲུལ་སྣང་རྟེན་རྫས་བཤམས་མཛོད་ཁང་གི"མེ་ཏོག་སྣ་བརྒྱའི་་ཤེལ་སྦུག"ཉམས་ལེན་བྱེད་བཞིན་པ།



དབང་ཆ་སྤྲོད་ལེན་བྱེད་པ།

ཟླ་12ཚེས་1ཉིན། མོ་ཞི་ཁོའི་གསར་དུ་འདེམས་ཐོན་བྱུང་བའི་ཙུང་ཐུང་ཨན་ཏེ་ལེ་སི་·མན་ནུའུ་ཨེར་·ལོ་ཕའེ་སི་·ཨོ་ཧྥུ་ལ་ཏོར་གྱིས་ཨན་ལི་ཁེ་·ཕེ་ཉེ་ཡ་·ལོ་ཐའོ་ཡི་ལག་ནས་ཙུང་ཐུང་གི་གོ་གནས་བཞེས་པས། མོ་ཞི་ཁོའི་ཙུང་ཐུང་ལ་དངོས་སུ་གྱུར་བ་རེད། འདི་ནི་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ། ཨན་ཏེ་ལེ་སི་·མན་ནུའུ་ཨེར་·ལོ་ཕའེ་སི་·ཨོ་ཧྥུ་ལ་ཏོས་(དབུས)ཙུང་ཐུང་གི་དབང་ཆ་རྩིས་སྤྲོད་ལེན་གྱི་མཛད་སྒོ་མ་འཚོག་གོང་རྒྱབ་སྐྱོར་བྱེད་མཁན་དང་ཕན་ཚུན་སྤེལ་རེས་བྱེད་བཞིན་པ།



ཅན་པེ་ནཱར་ཏོ་·པེ་ཐའོ་ལོའུ་ཆི།

དབྱི་ཐ་ལའི་འཁྲབ་ཁྲིད་པ་གྲགས་ཅན་པེ་ནཱར་ཏོ་·པེ་ཐའོ་ལོའུ་ཆི་ཟླ་11ཚེས་26ཉིན་རོ་མའི་རང་ཁྱིམ་དུ་སྐུ་གཤེགས་པ་དང་། དགུང་ལོ་77ཡིན་ཞིང་། འདི་ནི་2013ལོའི་ཟླ་8ཚེས་28ཉིན། པེ་ཐའོ་ལོ་ཆི་ཡིས་དབྱི་ཐ་ལའི་ཝེ་ནེ་སིའི་གློག་བརྙན་དུས་ཆེན་སྐབས་70པར་ཞུགས་སྐབས་ཀྱི་པར་ཡིན་པ།



ཙོང་རིལ་མི་ཆུང་།

ཟླ་11ཚེས་26ཉིན། སུའེ་ཙེར་གྱི་རྒྱལ་ས་པེར་ནེ་ཡི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཚོགས་ཐོག་བརྩེགས་ཁང་ཆེན་གྱི་ཐང་ཆེན་དུ། ཙོང་རིལ་ལས་བཟོས་པའི་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྟོན་རྫས་བཤམས་པ་དང་། ལོ་རེའི་ཟླ་11པའི་རེ་གཟའ་ཟླ་བ་བཞི་པ་དེར་སུའེ་ཙེར་གྱི་རྒྱལ་ས་པེར་ནེར་ལོ་གཅིག་དུས་གཅིག་གི་ཙོང་རིལ་དུས་ཆེན་གཏོང་གི་ཡོད།



གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བ།

ཟླ་11ཚེས་25ཉིན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་པུ་རུ་སེར་དུ་འཚོག་པའི་ཡོ་རོབ་མནའ་འབྲེལ་གྱི་དམིགས་བསལ་དབུ་ཚོགས་ཐོག་དེ་སྔོན་དབྱིན་ཇི་དང་གྲོས་འཆམ་བྱུང་བའི"ཡོ་རོབ་མནའ་འབྲེལ་ནས་བྲལ་བའི"ཆིངས་ཡིག་ལ་དངོས་སུ་གྲོས་འཆམ་བྱུང་བ་རེད། འདི་ནི་པེར་ཀྲེམ་གྱི་པུ་རུ་སེར་དུ། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རོང་ཁེ(གཡོན)དང་དབྱིན་ཇིའི་དབུགས་བཞུགས་བློན་ཆེན་ཐེ་ལེ་ཧྲ་མེ་དབར་ལག་པ་གཏོང་རེས་བྱེད་པ།

སྐར་མ་མིག་དམར་གྱི་པར་རིས།

ཨ་རིའི་མཁའ་སྐྱོད་ཅུས་ཀྱི'མཐིལ་རྟོགས'རྟགས་ཅན་མི་མེད་རྟོག་ཞིབ་འཕྲུལ་ཆས་ཀྱིས་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་11ཚེས་26ཉིན་གྱི་ཆུ་ཚོད་14དང་སྐར་མ་54ཙམ(པེ་ཅིང་གི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་3དང་སྐར་མ་54ཙམ)ལ་སྐར་མ་མིག་དམར་ཐོག་བདེ་བླག་ངང་བབས་པ་དང་། མིའི་རིགས་ཀྱི་ཐེངས་དང་པོའི་སྐར་མ་མིག་དམར་གྱི'ནང་ཁོངས'ཀྱི་གསང་བ་འཚོལ་ཞིབ་ལས་འགན་སྒྲུབ་པ་རེད།


ཆས་གོས་ངོམ་སྟོན།

ཟླ་11ཚེས་26ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་སྤེལ་བའི་2019ལོའི་དཔྱིད་དབྱར་གྱི་དར་སྲོལ་ཆེ་བའི་ཆས་གོས་གཟའ་འཁོར་ཐོག མོལ་ཐྲོལ་གྱིས་སྤུས་རྟགས་ཀྱི་ཆས་གོས་འགྲེམས་སྟོན་བྱས་པ།


བག་ལེབ་ཀྱི་སྲང་ལམ།

ཟླ་12ཚེས་1ཉིན། དབུན་ཀེ་ཧྭ་རུ"བག་ལེབ་ཀྱི་སྲང་ལམ་ཆེན་མོའི"འགྲེམས་སྟོན་བྱས་པ་དང་། མང་ཚོགས་ལ་བག་ལེབ་བཟོ་ཁང་གི་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་28པར་ཞུགས་པའི་བརྩམས་ཆོས་30ལྷག་འགྲེམས་སྟོན་བྱས་པས། མི་མང་པོ་ལྟད་མོ་ལྟ་བར་ཡོང་ཡོད།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།