རྨེ་སྟོད་གྲོང་ཚོའི“མཁའ་ལམ”ནི་ཀུན་གྱིས་སྲུང་སྐྱོང་བྱེད་བཞིན་པ།
2018-11-29 10:13:00
|
0

ཟླ་11ཚེས་26ཉིན། རྒྱ་མཚོའི་ངོས་ལས་ཆ་སྙོམས་སྨི་4000ཡན་ཡོད་པའི་རྨེ་སྟོད་གྲོང་ཚོ་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མཁར་དང་བར་ཐག་ཆེས་རིང་བའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་ཞིང་། རྨེ་སྟོད་གྲོང་ཚོའི་ལོ་དྲུག་ཅུ་ཟིན་པའི་རྒད་པོ་སྨོན་འགྱུར་གྱི་མིག་ལམ་དུ། ལོ་ངོ་20ཡི་སྔོན་དུ་རྫོང་དང་བར་དུ་ཕར་ལམ་ཚུར་ལམ་ལ་ཉིན་20དགོས་པ་དང་། ད་ཆར་ཉིན་གཅིག་མི་དགོས་པར་གྱུར་འདུག

ནང་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་། མཚོ་བོད་མཐོ་སྒང་འཕྲེད་རྒྱུག་རི་རྒྱུད་དུ་ཐུག་པའི་བར་བརྒལ་གྱི་ས་མཚམས་ཡིན་པས། ཡུལ་དེར་རི་བོ་ཆེ་ཆུང་སྣོལ་མར་ཆགས་ཤིང་རི་ལམ་མང་པོ་ཡོད།

སྨོན་འགྱུར་གྱིས"ང་རང་ལོ་40ཡར་སྔོན(1997ལོའི་སྔོན)དུ་ལོ་ལྟར་གཡག་ལ་ཁལ་བཀལ་ནས་རྫོང་ནང་དུ་འཚོ་བའི་ཡོ་བྱད་དང་ཟས་བཅའ་ཉོ་བར་འགྲོ་དགོས་པ་དང་། ལོ་ལྟར་དུས་དེར་སླེབས་དུས་ང་ལ་སེམས་ཁུར་ཆེན་པ་སྐྱེས་བཞིན་ཡོད། གང་ཡིན་ཟེར་ན་སྐབས་དེ་དུས་ལམ་མེད་པས། འགྲིམ་འགྲུལ་ཡོ་བྱད་ནི་རྟ་ཡིན་ལ། ཕར་ལམ་ཚུར་ལམ་གཉིས་ཀར་ཉི་མ་20འགོར་བ་མ་ཟད། སྐབས་རེར་དེ་ལས་དུས་ཡུན་རིང་པོ་འགོར་ཞིང་། ཕར་ཚུར་ཐེངས་གཅིག་ལ་སོང་རྗེས་ཡུན་རིང་པོར་ངལ་གསོ་བྱ་དགོས་ཐུག"ཅེས་བཤད།

ཕྱི་རོལ་ཏུ་བསྐྱོད་ཐུབ་པའི་ལམ་འདི་ཤར་བགྲོད་ཐུབ་པ་འགན་སྲུང་བྱ་ཆེད། རྨེ་སྟོད་གྲོང་ཚོའི་གྲོང་ཨུ་ལྷན་ཚོགས་ཀྱིས་ལམ་འདི་སྲུང་སྐྱོང་གི་གནད་དོན་ཡང་གྲོང་ཚོའི་སྒྲིག་ལམ་དུ་བྲིས་པ་དང་། ལོ་རེའི་ཁ་ཆར་འབབ་པའི་དུས་ཚིགས་ཀྱི་སྔ་ཕྱི་ཚང་མར་མང་ཚོགས་ཀྱིས་རྒྱ་ལམ་འོས་འགན་སྲུང་སྐྱོང་བྱེད་པའི་ལས་སྒོ་སྤེལ་སྲོལ་ཆགས་ཡོད།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།