ཡ་ཧུ་དཱ་པའི་ལེགས་བཤད་རྩེ་གྲ་བཅུ།
2018-11-28 14:17:00
|
0

ཡ་ཧུ་དཱ་པའི་ལེགས་བཤད་རྩེ་གྲ་བཅུ།

(1) ཆུ་དྭངས་མོ་ཕོར་བ་གང་ལ་རྙོག་ཆུ་ཐིགས་གཅིག་གིས་མི་གཙང་བར་བྱེད་ཀྱང་། ཆུ་རྙོག་པ་ཕོར་བ་གང་ལ་ཆུ་དྭངས་མོ་ཐིགས་པ་གཅིག་གིས་དྭངས་མོར་བསྒྱུར་མི་ཐུབ།

(2) འཇིག་རྟེན་འདིར་ཆོས་གསུམ་ནི་གཞན་གྱིས་འཕྲོག་མི་ཐུབ་སྟེ། ཁོག་ལ་སོང་བའི་ཟས་དང་། སེམས་སུ་སྦས་པའི་ཕུགས་བསམ། ཡིད་ལ་བཟུང་བའི་དཔེ་ཆ་བཅས་ཡིན།

(3) ས་རྙི་མོ་རུ་རྟ་འགྱེལ་སླ། གཏམ་སྙན་མོའི་ཁྲོད་མི་འགྱེལ་སླ།

(4) འཇིག་རྟེན་དུ་སྐྱོ་གར་དང་སྤྲོ་གར་གྱི་དབྱེ་བ་མེད། གལ་ཏེ་ཁྱེད་རང་སྐྱོ་གར་ལས་ཕྱིར་ཐོན་ན། དེ་ནི་སྤྲོ་གར་ཡིན་ལ། གལ་སྲིད་ཁྱེད་རང་སྤྲོ་གར་གྱི་ཁྲོད་དུ་སིམ་པར་གྱུར་ན། དེ་ནི་སྐྱོ་གར་ཡིན།

(5) གལ་སྲིད་དཔེ་ཀློག་མ་བྱས་ན། ལེ་དབར་ཁྲི་ཕྲག་བརྒལ་ཡང་འཕྲིན་སྐྱེལ་བ་ཞིག་ལས་མ་འདས།

(6) ཁྱེད་ཀྱི་ཁྱིམ་མཚེས་ཀྱི་ནམ་གུང་ཆུ་ཚོད་གཉིས་ཀྱི་སྟེང་རྣོ་སྦྲེང་དཀྲོལ་དུས་ཁྱེད་རང་ཚིག་པ་ཟ་མ་དགོས། ཁྱེད་ཀྱིས་ཆུ་ཚོད་བཞི་པའི་ཁོ་རང་གཉིད་ལས་བསླངས་ཏེ། ཁྱེད་ཀྱིས་རྣོ་སྦྲེང་དཀྲོལ་བ་དེས་ངའི་ཡིད་དབང་བཀུག་སོང་ཞེས་བཤད་ཆོག

 

(7) གལ་ཏེ་ཁྱེད་ཀྱིས་ངང་སྒུག་འབའ་ཞིག་བྱས་ན། ཁྱེད་རང་རྒས་པར་འགྱུར་བ་ལས་འོས་མེད།

 

(8) གྲོགས་པོ་ངོ་མ་ནི་མཉམ་དུ་གླེང་མི་ཚར་བའི་ཁ་བརྡ་ཡོད་པ་དེས་མ་ཡིན་པར། སྐད་ཆ་ཚིག་གཅིག་མ་བཤད་ཀྱང་དོགས་མི་བདེ་བའི་ཚོར་བ་མེད་པ་དེའོ། །

(9) དུས་ཚོད་ནི་སེམས་ཀྱི་རྨ་ཁ་གསོ་བྱེད་ཀྱི་ལྷ་རྗེ་དེ་ཡིན་གྱི། གནད་དོན་ཐག་གིས་གཅོད་པའི་མཁས་ཆེན་དེ་མ་ཡིན་ནོ། །

(10) འགྱོད་པ་སྐྱེ་བའི་དོན་བསྒྲུབས་ཀྱང་། འགྱོད་པའི་དོན་ཉིད་ཤོར་མི་རུང་།

ཡོང་ཁུངས། འོད་འཛིན་རྩོམ་སྟེགས།
ཡིག་སྒྱུར། སྒྲོལ་དཀར་ཚེ་རིང་།
རྩོམ་སྒྲིག་པ། རྟ་མགྲིན།

   མདུན་ངོས་སུ་ལོག་པ།