གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།
2018-10-24 09:30:00
|
0

མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། “ཡོ་རོབ་ཁྲོག་ལེའི་དུས་ཆེན”སྐབས་25པ་དབྱི་ཐ་ལིའི“ཁྲོག་ལེའི་གྲོང་ཁྱེར”དུ་གྲགས་པའི་དབུས་རྒྱུད་གྲོང་ཁྱེར་ཕའེ་ལུའུ་ཅ་རུ་འགོ་ཚུགས་ཡོད་ཅིང་། དུས་ཡུན་ཉིན་བཅུའི་དུས་ཆེན་རིང་མི་རྣམས་ཀྱིས་བྲོ་བ་ཞིམ་པའི་ཁྲོག་ལེ་སྣ་ཚོགས་རོ་མྱོང་ཐུབ་པ་མ་ཟད། ད་དུང་ཁྲོག་ལེ་དང་འབྲེལ་བ་ཡོད་པའི་རིག་གནས་དང་རོལ་རྩེད་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཐུབ།

ཟླ་10ཚེས་15ནས་ཚེས་17ཉིན་བར། “ཇུས་འགོད་པ་དང་སྤུས་རྟགས”ཞེས་པའི་དར་སྲོལ་ཆེ་བའི་གྱོན་གོས་འགྲེམ་སྟོན་སྐབས་གསུམ་པ་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐེར་སྤེལ་ཡོད།

ཟླ་10ཚེས་17ཉིན། དབྱི་སི་རལ་གྱིས་བཏང་བའི་དམག་འཐབ་གནམ་གྲུ་དེས་ཀཱ་ཟ་ས་ཁུལ་གྱི་དམག་དོན་དམིགས་འབེན་20ལྷག་ཙམ་ལ་འབར་མདེལ་དབྱུགས་ནས་ཕ་ལེ་སི་ཐན་ཕྱོགས་གྱི་མི་1རྐྱེན་ལམ་དུ་ཤོར་བ་དང་། མི་3ལ་རྨས་སྐྱོན་ཕོག་ཡོད།

ཟླ་10ཚེས་18ཉིན། ལོན་ཏོན་གྲོང་ཁྱེར་གྱི་སེར་ཧྥུའུ་ལི་ཆི་ཟོག་མང་ཚོང་ཁང་གིས་2018ལོའི་ཡེ་ཤུའི་འཁྲུངས་སྐར་བསུ་བའི་ཚོང་རྫས་བཤམས་སྟོན་ཤེལ་སྒྲོམ་གསར་པ་བཏོན་ཡོད།

ཟླ་10ཚེས་19ཉིན། པེར་ནེ་མཉམ་འབྲེལ་ཐང་ཆེན་གྱི་གློག་འོད་ལྟད་མོ་དངོས་སུ་འགོ་ཚུགས་པ་དང་ཟླ་11ཚེས་24ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། ད་ལོའི་གློག་འོད་ལྟད་མོའི་བརྗོད་བྱ་གཙོ་བོ་ནི་ཧྥ་རན་སིའི་བརྩམས་ཆོས་གྲགས་ཅན《རྒྱལ་སྲས་ཆུང་ཆུང》ཞེས་པ་དེ་རེད།

ཟླ་10ཚེས་20ཉིན། ཨ་ཧྥུ་ཧན་གྱིས་རྒྱལ་དམངས་གྲོས་ཚོགས་མི་དམངས་གྲོས་ཁང(གྲོས་ཁང་འོག་མ)གི་འདེམས་བསྐོ་བྱས་ཡོད།

ཟླ་10ཚེས་18ཉིན། མི་སྟོང་ཕྲག་མང་པོ་ཉིའུ་ཡོའུ་མན་ཧ་ཏུན་གྱི་“མུན་སེལ་སྒྲོན་མེ”ཞེས་པའི་དགེ་སྒྲུབ་བྱེད་སྒོར་ཞུགས་ཤིང་། མི་རྣམས་ཀྱིས་མཚན་མོའི་མུན་ནག་ཁྲོད་ལྒང་ཞུ་བཏེགས་ནས་འདུ་ཚོགས་དང་ཁྲོམ་སྐོར་ལ་ཞུགས་ཏེ་འབྲས་སྐྲན་གྱི་སྨན་བཅོས་གྲོན་དངུལ་བསྡུས་ཡོད།

ཟླ་10ཚེས་20ཉིན། ནེའུ་ཙི་ལན་གྱི་རྒྱལ་ཡོངས་ནས་ཡོང་བའི་སྔོན་མའི་MINI COOPERརླངས་འཁོར་120ལྷག་ཙམ་ཝེ་ལིང་ཐོན་གྲོང་ཁྱེར་གྱི་ལྟེ་གནས་སུ་འགྲེམས་སྟོན་བྱས་ཡོད།

ཟླ་10ཚེས་16ཉིན། མོ་རོ་ཁོའི་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་དཔོན་པོས། ཉིན་དེའི་སྔ་དྲོར་མོ་རོ་ཁོའི་ལྷོ་རྒྱུད་དུ་ཐོན་པའི་མེ་འཁོར་འཁོར་ལམ་ནས་ཤོར་བའི་དོན་རྐྱེན་ཁྲོད་མི་6རྐྱེན་ལམ་དུ་ཤོར་བ་དང་མི་86 ལ་རྨས་སྐྱོན་ཕོག་ཡོད་ཟེར།

ཉེ་ཆར། ལྷོ་ཁོ་རེ་ཡའི་ནན་ཡེ་གླིང་ཕྲན་དུ་སྟོན་མདོག་ཤར་བ་དང་། མཛེས་ལྗོངས་ལྟ་ན་སྡུག་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

   མདུན་ངོས་སུ་ལོག་པ།