གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།
2018-10-16 10:22:00
|
0


རྔོན་ཁྲ་9པ།

མི་དམངས་དྲ་བའི་འཕྲིན། ཨ་རིའི་མཁའ་དབྱིངས་འཚོལ་ཞིབ་ལག་རྩལ་ཀུང་སིས་ཟླ་10ཚེ་7ཉིན་མེ་ཤུགས་འཕུར་མདའ"རྔོན་ཁྲ་9པ"ཡིས་ཨ་ཀེན་ཐིང་གི་སའི་གོ་ལའི་ལྟ་ཞིབ་སྲུང་སྐར་མཁའ་དབྱིངས་སུ་བདེ་བླག་ངང་བསྐྱལ་བ་མ་ཟད། ཐེངས་དང་པོར་ཨ་རིའི་མཚོ་ནུབ་འགྲམ་དུ་མེ་ཤུགས་འཕུར་མདའ་རིམ་པ་དང་པོ་སྐམ་ས་ནས་ཕྱིར་བསྡུ་བྱེད་པ་ལེགས་འགྲུབ་བྱུང་ཡོད། འདི་ནི་ཨ་རིའི་ལུའོ་ཧྲན་ཅི་ནས་པར་བླངས་པའི་མེ་ཤུགས་འཕུར་མདའ"རྔོན་ཁྲ་9པ"མཁའ་དབྱིངས་སུ་བཏང་བའི་རྣམ་པ་ཡིན་པ།

རི་ཉིལ་བ།

ཝུ་ཀན་ཏའི་ཉེན་རྟོགས་ཕྱོགས་ཀྱིས་ཟླ་10ཚེས་12ཉིན། ཝུ་ཀན་ཏ་ཤར་རྒྱུད་ཀྱི་པུའུ་ཏ་ས་ཁུལ་དུ་ཚེས་11ཉིན་རི་ཉིལ་བའི་གནོད་འཚེ་བྱུང་བ་དང་། མིག་སྔའི་བར་མི་35རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱུང་བའི་བརྡ་ཁྱབ་བཏང་བ་རེད།


ཞིག་རོ།

ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་ཧྲུའུ་ཡིས་ཟླ་10ཚེས་11ཉིན། ཧིན་རྡུ་ཉི་ཞི་ཡའི་ཀྲུང་སུའུ་ལ་ཝེ་ཞི་ཞིང་ཆེན་དུ་ཉེ་ཆར་ས་ཡོམ་དྲག་པོ་དང་མཚོ་འཕྱུར་བའི་གནོད་འཚེ་བྱུང་བ་ལས་ཁྱོན་མི་2073རྐྱེན་ལམ་དུ་ཤོར་ཡོད་པ་ཁྱབ་བསྒྲགས་བྱས།


ལུག་རྫི།

འདི་ནི་ཟླ་10ཚེས་10ཉིན་མོང་གོལ་རྒྱལ་ཁབ་ཀྱི་པ་ཡན་ཁན་ཀའེ་ནས་པར་བླངས་པའི་ལུག་རྫི་དང་ཁོའི་ལུག་ཁྱུ་ཡིན་པ།


རྣམ་པར་བཀྲ་བ།

ཟླ་10ཚེས་8ཉིན། མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་གཉེར་བའི་2019ལོའི་མེ་སའེ་ཏེ་སི་པེན་ཁྲེ་ཡི་དཔྱིད་དབྱར་གྱི་དར་སོ་ཆེ་བའི་རྒྱན་གོས་གཟའ་འཁོར་གྱི་ངོམ་སྟོན་ཐོག མོལ་ཐྲོལ་གྱིས་སང་ཏེ་ལཱ་ཝེར་རྟགས་ཅན་གྱི་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།

ཧྥན་ཀོ།

ཟླ་10ཚེས་10ཉིན། པེར་ཀྲེམ་གྱི་པུ་རུ་སེར་དུ་ལྟ་སྐོར་བ་ཚོས་ཧྥན་ཀོའི་སྒྱུ་རྩལ་འགྲེམ་སྟོན་ལ་བལྟ་བཞིན་པ།



མར་ཆགས་པ།

ཟླ་10ཚེས་10ཉིན། ཨ་རིའི་ཉེའུ་གཡོད་དངུལ་འཛིན་ཉོ་ཚོང་ཁང་གི་གློག་རྡུལ་ངོས་ལེབ་ནས་ཉིན་དེའི་བསྡུ་མཇུག་སྒྲིལ་སྐབས་ཁྱབ་བསྒྲགས་བྱེད་པའི་ཆ་འཕྲིན་ལས་མངོན་གསལ། ཉེའུ་གཡོད་ཀྱི་རྐང་དངུལ་ཁྲོམ་རའི་མ་རྐང་སྟོན་གྲངས་ཆེན་པོ་གསུམ་ཚད་གཞི་ཆེན་པོའི་ངང་མར་ཆགས་པ་དང་། ཆགས་ཚད་ཆ་སྙོམས་3%ལས་བརྒལ་ཡོད།

 
ཉི་ཤར།

འདི་ནི་ཟླ་10ཚེས་11ཉིན། ཅོར་ཏན་གཙང་པོའི་ནུབ་ངོས་ཀྱི་གྲོང་ཁྱེར་ནཱ་པུའུ་ལུའུ་སི་ནས་ཉི་ཤར་སྐབས་ཀྱི་པར་བླངས་པ།


མཁའ་དབྱིངས་སྦྱོང་བརྡ།

ཟླ་10ཚེས་10ཉིན། སུའུ་ཙེར་གྱི་མའེ་ལིང་ཀེན་མཁའ་དམག་རྟེན་གཞིའི་ཉེ་འགྲམ་དུ། སུའུ་ཙེར་མཁའ་དམག་གི་ཐད་འཕུར་གནམ་གྲུས་འཕུར་བསྐྱོད་འཁྲབ་སྟོན་བྱས་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།