■བོད་ཀྱི་ན་གཞོན་རི་མོ་བ་བཀྲ་ཡེ་དོན་ནེའི་རི་མོ་བདམས་བཀོད།
2018-09-20 17:23:00
|
0

ཚེ་འཛིན་སྒྲོལ་དཀར་གྱིས་བྲིས།



མིང་མེད།



མེ་ཏོག་རྐང་གཅིག



སྲོག་སྲུང་།



ཟས་སུ་བསྟེན་མི་རུང་བ་ཡོད་ཚད།



གསེར་མཚོ།



གསེར་མཚོ།



དམ་ཁྱུད།


མིང་མེད།



ངེས་རྟོགས།



ཟླ་བ།

བཀྲ་ཡེ་དོན་ནེ་ནི་1990ལོར་སི་ཁྲོན་རྔ་བའི་འབྲོག་ཁུལ་དུ་སྐྱེས་ཤིང་། 2016ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་ནས་སློབ་མཐར་ཕྱིན། རང་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་རང་ནི་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་ཞེན་ཤིན་ཏུ་ཆེ་བ་དང་། དམའ་འབྲིང་སྐབས་རི་མོ་བ་གྲགས་ཅན་ཏེན་ཡོང་ཀང་ལགས་ཀྱི་འགྲམ་ནས་སྐྱ་རིས་རི་མོ་སྦྱངས། དེ་ནས་མུ་མཐུད་དུ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འབྲས་བུ་མི་དམན་པ་ཐོབ། ཁོང་གི་རི་མོའི་བརྩམས་ཆོས་《གཉའ་ཁྲི་བཙན་པོ།》《འབུ་མེ་ལྕེབས།》《དགེ་འདུན་ཆོས་འཕེལ།》《ཁྭ་ཏ་མཆུ་ནག་གི་གཏམ་རྒྱུད།》《ཀ་ཁའི་སྒྲུང་།》《ཁྲུང་ཁྲུང་དཀར་མོ།》《མཐིང་སྨུག་སྦྲ་ཆུང་།》《ཚེ་རིང་རྣམ་དྲུག》《ཞི་ལ་སེར་མགོ》《སྤྲེའུ་དང་བྲག་སྲིན་མོ།》བཅས་ལ་མི་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ་ཡོད།

ཁོང་གི་བརྩམས་ཆོས་ནང་བཞེངས་པའི་མི་སྣའི་གཟུགས་བརྙན་དག་ལས་བྱིས་པའི་དྭངས་གཙང་ལྷད་མེད་དང་བློ་བདེ་བག་ཕེབས་ཀྱི་རང་གཤིས་མངོན་ཞིང་། དུས་དང་ཁོར་ཡུག་གི་འགལ་འདུའི་ཁྲོད་ལས་བྱུང་བའི་ཐུན་མིན་གྱི་རྣམ་པ་ཞིག་ཀྱང་ངང་ངམ་ཤུགས་སུ་འཆར་བ་དང་། བརྩམས་ཆོས་ལ་དོན་ཇི་བཞིན་བརྗོད་པ་དང་ལྐོག་འགྱུར་གྱི་རང་བཞིན་གཉིས་ཀ་ལྡན་ཡོད་པས། སྔོན་མས་ང་ཚོར་ཁོང་གི་བརྩམས་ཆོས་ཀྱི་འཇིག་རྟེན་ལ་མྱོང་རོལ་བྱེད་འདོད་ཀྱི་བློ་སྒོ་ཡངས་པོར་ཕྱེ་ཞིང་། ཕྱི་མས་ང་ཚོ་ལྐོག་གྱུར་གྱི་བསམ་གཞིགས་ཀློང་དུ་ཚུད་པར་བྱེད། མིག་སྔར་བཀྲ་ཡེ་དོན་ནེས་གསར་རྩོམ་གྱི་རྣམ་པར་འགྱུར་ལྡོག་བཏང་སྟེ་བརྒྱུད་ལམ་གསར་པ་དང་། རི་མོའི་རྣམ་པ་གསར་པ། བརྗོད་བྱའི་མཚོན་དོན་གསར་པ་བཅས་འཚོལ་ཞིབ་བྱས་ནས། རང་གི་རི་མོ་དང་འཇིག་རྟེན་ལ་འཛིན་པའི་ལྟ་ཚུལ་གསར་རྐྱང་ཞིག་ལ་རེ་སྙེག་བྱེད་བཞིན་ཡོད།

བཀྲ་ཡེ་དོན་ནེ་ནི་བོད་ཀྱི་ན་གཞོན་རི་མོ་བ་ཞིག་ཡིན་པའི་ཆ་ནས། ཁོང་གི་བརྩམས་ཆོས་དག་ལས་མར་རྩམ་གྱི་དྲི་ངད་འཐུལ་ཞིང་། དེ་ལས་ཀྱང་ཡིད་དབང་འཕྲོག་པ་ཞིག་ལ་ཁོང་གི་གསར་རྩོམ་ལ་རང་ངོས་ཀྱི་ཉམས་མྱོང་དང་རང་གནས་སའི་ཁོར་ཡུག་གི་ཚད་བཀག་མ་ཐེབས་པར། ཡངས་ཤིང་རྒྱ་ཆེ་བའི་སྟོང་གསུམ་ཁམས་ཆེན་པོའི་མྱོང་བ་དང་ཚོར་འདུ་དག་ཀུན་འཕྲོད་རང་བཞིན་གྱི་ཐོག་ནས་ང་ཚོའི་མིག་མདུན་དུ་བཤམས་ཡོད།

ཡོང་ཁུངས།《གངས་ལྗོངས་ཉི་གཞོན།》
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།

   མདུན་ངོས་སུ་ལོག་པ།