རིག་རྩལ་བརྩམས་ཆོས་ལ་མཉམ་སྤྱོད་བྱས་ཏེ་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད།
2018-08-15 10:46:00
|
0

ཟླ8པའི་ཚེས13ཉིན་གྱི་དགོང་མོར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲུང་གོའི་རོལ་མོ་མཁས་པའི་ལྷན་ཚོགས། ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“འཚོ་བར་ཟབ་འཇུག་དང་། མི་དམངས་ཁྲོད་གཞི་འཛུགས་པ”ཞེས་པའི་རོལ་དབྱངས་དང་ཞབས་བྲོ་སྒྱུ་རྩལ་མཁས་པ་བོད་ལྗོངས་སུ་སྐྱོད་པའི་དམངས་གཞས་འཚོལ་སྡུད་གསར་རྩོམ་གྱི་གྲུབ་འབྲས་སྙན་ཞུའི་འཁྲབ་སྟོན་དེ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་བ་རེད།

འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།

ད་ཐེངས་ཀྱི་སྙན་ཞུའི་འཁྲབ་སྟོན་ལེ་ཚན་ནི2016ལོའི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རོལ་དབྱངས་མཁས་ཅན་མཐུན་ཚོགས། ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་སྐད་གྲགས་ཆེ་བའི་རོལ་དབྱངས་དང་ཞབས་བྲོ་སོགས་ཀྱི་སྒྱུ་རྩལ་མཁས་ཅན་བོད་ལྗོངས་སུ་སྐྱོད་དེ་ས་ཁུལ་མང་པོ་ནས་གསར་རྩོམ་འཚོལ་སྡུད་ཀྱི་ཕུལ་བྱུང་གྲུབ་འབྲས་རྩ་འཛུགས་བྱས་ཏེ། གླུ་དབྱངས《གནམ་མཚོར་དུང་བ》དང་། 《ལམ་གྱི་ནུབ་ཏུ་བསྐྱོད་པ》《ལྷ་སའི་མཚན་ལྗོངས》《བར་སྐོར》《མཐོ་སྒང་གི་རྨི་ལམ》དང་། ཞབས་བྲོ《རྔ་བྲོ》དང་། 《ནས》《ཕུགས་འདུན་དྲིལ་བསྒྲགས》《ཨ་དཀར》《རྔ་སྒྲ་གསར་སྐྱེས》སོགས་བརྩམས་ཆོས་འདི་དག་དུས་རབས་ཀྱི་ཉམས་འགྱུར་གྱིས་ཕྱུག་པ་དང་། བོད་ལྗོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། བརྩེ་སེམས་ཟབ་མོ་འདུས་ཤིང་རྣམ་པ་སྣ་མང་ཕུན་སུམ་ཚོགས་པས་སྒྱུ་རྩལ་གྱི་ལམ་ནས་དུས་རབས་གསར་པའི་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པ་དང་རྣམ་པ་གསར་པ་མཚོན་པར་བྱས།

འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རིག་རྩལ་ལས་དོན་ཐད་གསུང་བཤད་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། དུས་རབས་གསར་པའི་རིག་རྩལ་གྱི་ལས་ཀ་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཏེ་བླང་བྱ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིག་རྩལ་གྱི་ལས་ཀ་སྒྲུབ་མཁན་རྣམས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་འཇུག་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་རིག་རྩལ་བྱ་བ་སྒྲུབ་མཁན་གྱི་རང་འགན་རྩོད་མེད་ཅིག་ཏུ་འཛིན་དགོས་པ་གསུངས།

ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་ཀྱི་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་གནང་སྟེ། “འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་གཞི་འཛུགས་པ”བརྗོད་དོན་གཙོ་བོ་བྱས་པའི་ལག་བསྟར་བྱེད་སྒོ་སྤེལ་ནས“འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་གཞི་འཛུགས་པ”བརྗོད་དོན་གཙོ་བོའི་ལག་བསྟར་བྱེད་སྒོ་དེ་རིག་རྩལ་གསར་རྩོམ་གྱི་ཁྲིད་སྟོན་སྐུལ་སྤེལ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཧུར་བརྩོན་གྱིས་དང་དུ་བླངས་ནས་བརྩེ་བ་ཟབ་མོ་དང་བརྩེ་བས་སྙིང་རུས་ཆེན་པོས་གསར་རྩོམ་གནང་སྟེ་མང་ཚོགས་དང་འབྲེལ་བ་དང་། ཕྱིར་བསྒྲགས་ཐུབ་པ། སེམས་ལ་གནས་ཐུབ་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་འདོན་སྤེལ་ཧུར་ཐག་བྱེད་དགོས།

འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།



འདི་ནི་ཨ་ཀླུ་ཨ་སྒྲོལ་གྱིས་བརྩེ་དུང་གིས་ཕྱུག་པའི་སྒོ་ནས《ཡར་ཀླུང་གཙང་བོ》ཞེས་པ་རེད། ཝང་ཧྲུའུ་ཡིས་པར་བླངས།

བོད་ལྗོངས་ཀྱི་ས་རྒྱ་ཆེ་ཞིང་བརྗིད་ཆགས་ཡིད་འོང་གི་རང་བྱུང་ཡུལ་ལྗོངས་དང་། ལོ་རྒྱུས་རིང་པོའི་སྲོལ་རྒྱུན་རིག་གནས་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གོམས་སྲོལ་དང་རིག་རྩལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། གནད་སྨིན་དབུལ་སྒྲོལ་དང་། ཉེན་ཆེན་འགོག་སེལ། སྦགས་བཙོག་འགོག་བཅོས་བཅས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཤུགས་བརྒྱབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་གྱིས་སྣེ་ཁྲིད་ཅིང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ནས་ནུས་ཤུགས་འདོན་སྤེལ་གྱིས་བོད་ལྗོངས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་དང་། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་དུས་སྐབས་ནི་ལོ་རྒྱུས་སྟེང་གི་དུས་སྐབས་ཡག་ཤོས་ཀྱི་གྲས་ཤིག་ཏུ་གནས་ཡོད།

མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འགོ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། དམངས་འཚོ་ཆེས་ཆེར་ལེགས་སུ་བསྒྱུར་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། སྣོད་བཅུད་སྔར་བཞིན་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཆེན་འཆམ་མཐུན་བརྟན་ལྷིང་བྱུང་བ། མི་རིགས་བར་གྱི་འགྲོ་འོང་དང་མཉམ་འདྲེས་སྔར་ལས་དམ་ཟབ་ཡོང་བ། ཆོས་ལུགས་ཉིན་རེ་བཞིན་འཆམ་མཐུན་བྱུང་བ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་དང་། མང་ཚོགས་ཀྱི“ང་ལ་བརྟན་ལྷིང་དགོས”ཞེས་པའི་འདུན་པ་དེ་བས་ཆེ་རུ་སོང་བ་དང་། བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བ་སོགས་ལ་ཤུགས་སྣོན་ཆེན་པོ་བྱས།

འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།

བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་ཞིང་། བྱ་གཞག་ཁག་ལའང་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་སྟེ་རིག་རྩལ་གསར་རྩོམ་ལ་ཕུན་སུམ་ཚོགས་པོའི་གཤིན་ས་མཁོ་འདོན་བྱས། སྒྱུ་རྩལ་བ་དག་གཅིག་རྗེས་གཉིས་མཐུད་ཀྱིས་བརྩེ་བ་ཟབ་མོའི་ངང་ངོ་མཚར་ཆེ་བའི་ས་མཐོར་དུང་སྟེ་བསམ་བློའི་ཐད་ཉམས་སད་དང་གསོ་སྦྱོང་ཐོབ་ཅིང་། སྒྱུ་རྩལ་གསར་རྩོམ་གྱི་ཆ་ནས་ཀྱང་གྲུབ་འབྲས་གསར་པ་ཐོབ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་བསྐྱར་གསར་རྩོམ་འཚོལ་སྡུད་ལ་ཞུགས་པའི་གཞས་བྲོ་སྒྱུ་རྩལ་མཁས་ཅན་རྣམས་ཀྱིས་གསར་རྩོམ་གྲུབ་འབྲས་ཁག་གཅིག་འཁྱེར་ནས་བོད་ལྗོངས་སུ་ཕྱིར་ལོག་སྟེ། ལྷ་ས་དང་གཞིས་ཀ་རྩེ་ནས་འཁྲབ་སྟོན་སྙན་སེང་ཞུ་བར་རྩ་འཛུགས་བྱས་ཤིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ཐུན་མོང་ཐོག་རིག་རྩལ་བརྩམས་ཆོས་ལོངས་སྤྱོད་དང་། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བའི་ཉམས་མྱོང་ལོངས་སུ་སྤྱད།

འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ8པའི་ཚེས15ཉིན། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི“འཚོ་བར་ཟབ་འཇུག་དང་། མི་དམངས་ཁྲོད་གཞི་འཛུགས་པའི”རོལ་དབྱངས་ཞབས་བྲོའི་སྒྱུ་རྩལ་མཁས་ཅན་རྣམས་བོད་ལྗོངས་སུ་སྐྱོད་དེ་འཚོལ་བསྡུ་དང་གསར་རྩོམ་གྲུབ་འབྲས་ཀྱི་སྙན་ཞུའི་འཁྲབ་སྟོན་ད་རུང་གཞིས་ཀ་རྩེའི་ཟློས་གར་ཁང་དུ་སྤེལ་རྒྱུ་རེད།

འདི་ནི་ཝང་ཀྲེས་གླུ་གཞས《སེམས་པ་ཉི་འོད་ལ་ཕྱོགས་པ》ཞེས་པ་གཏོང་བཞིན་པའི་རྣམ་པ་རེད།



རི་མོ་འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།



འདི་ནི་ཡུལ་དངོས་ཀྱི་ལྟད་མོ་བས་ལག་འཁྱེར་ཁ་པར་གྱིས་ངོ་མཚར་ཆེ་བའི་འཁྲབ་སྟོན་ཕབ་བཟོ་བྱེད་པའི་རྣམ་པ་རེད།



འདི་ནི་སྙན་ཞུ་བྱས་པའི་འཁྲབ་སྟོན་ལེ་ཚན་རེད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མས་བསྒྱུར།

   མདུན་ངོས་སུ་ལོག་པ།