“བོད་རིགས་ས་ཁུལ་གྱི་པཱ་ལིས་དུས་རབས་གྱོན་གོས་དུས་ཆེན” བོད་ཀྱི་ཤོམ་པའི་འགྲན་ཆེན་སྐབས་གཉིས་པའི་བོད་ལྗོངས་འགྲན་ཁུལ་གྱི་མང་འདེམས་ཀྱི་འགོ་བརྩམས་པ།
2018-07-05 00:00:00
|
0

W020180703589091130293.jpg

  འདི་ནི་མང་འདེམས་ཀྱི་བདམས་ཐོན་པ་དང་མཛུབ་སྟོན་དགེ་རྒན་གྱི་མཉམ་པར་རེད།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས2 ཉིན། 2018ལོའི་བོད་པའི་ཤོམ་དུས་རབས་གྱོན་གོས་དུས་ཆེན་དང་ཀྲུང་གོའི་བོད་ཀྱི་ཤོམ་པའི་འགྲན་ཆེན་སྐབས་གཉིས་པའི་བོད་ལྗོངས་འགྲན་ཁུལ་དེ་ལྷ་ས་ནས་མང་འདེམས་ཀྱི་འགོ་བརྩམས་ཤིང་། བོད་མིས་འགྲེམས་སྟོན་བྱེད་པས་དེར“བོད་པའི་ཤོམ་”ཞེས་ཟེར།

  “བོད་པའི་ཤོམ”ནི་ཀན་སུའུ་ཀན་ལྷོའི་ལྷ་མོ་རིག་གནས་ཀྱིས་གསར་སྐྲུན་དང་ཁྱབ་སྤེལ་གནང་བའི་བོད་རིགས་གྱོན་གོས་རིག་གནས་ཀྱི་སྟེགས་བུ་ཞིག་ཡིན་ཞིང་། སྟེགས་བུ་འདིར་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་གཞི་རྒྱུའི་ཇུས་འགོད་པ་དང་། བོད་ཀྱི་ཤོམ་པ་སོགས་གཅིག་ཏུ་འདུས་ཏེ་རིག་གནས་ཀྱི་ཐོན་ལས་སྦྲེལ་ཐག་ཅིག་གྲུབ་ནས་ཐུན་མོང་ཐོག་བོད་ལྗོངས་ཀྱི་དུས་གསར་འཐུས་ཚང་དང་སྣེ་ཁྲིད་བྱས་ཏེ། བོད་ཁུལ་ལ་གཏོགས་པའི་པཱ་ལིས་དུས་རབས་གྱོན་གོས་དུས་ཆེན་ཞིག་གསར་གཏོད་བྱས་ནས་བོད་ཀྱི་གཞི་རྒྱུ་འཛམ་གླིང་ཕྱོགས་སུ་སྐུལ་འདེད་བྱེད་ཀྱི་ཡོད།

W020180703588243151214.jpg

  འདི་ནི་འགྲན་ཞུགས་བདམས་ཐོན་མི་སྣས་འགྲེམས་སྟོན་བྱེད་པའི་རྣམ་པ་རེད།

  རྒྱུས་ལོན་བྱུང་བ་ལྟར་ན། འགྲན་སྡུར་ནི་ཟླ6པའི་ཚེས10ཉིན་ནས་བཟུང་མིང་ཐོ་འགོད་མགོ་བརྩམས་ཤིང་། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། བོད་ལྗོངས་སོགས་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་དུ་ཡོངས་འདེམས་བྱས་ཤིང་། ཆེད་ལས་ཀྱི་གསོ་སྦྱོང་དང་། ཐོག་མའི་འགྲན་བསྡུར། བསྐྱར་འགྲན། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་སོགས་བྱས་པ་བརྒྱུད། མཐར་བོད་ཁུལ་གྱི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་ལྡན་པའི་ཤོམ་པ་ཤེས་ལྡན་མི་སྣ་བདམས་ཐོན་བྱུང་།

W020180703589091136743.jpg

འདི་ནི་འགྲན་ཞུགས་མི་སྣ་རེད།

  ལྷ་ས་ནས་ཡོང་བའི་ཚེ་བསོད་ནི་དགེ་རྒན་ཞིག་ཡིན་ཞིང་། དེ་སྔར་མི་རིགས་སྤུས་རྟགས་ཀྱི་གྱོན་གོས་འགྲེམས་སྟོན་འགར་ཞུགས་མྱོང་སྟེ་ཁས་ལེན་ཆེན་པོ་འཐོབ་པ་དང་། རང་རློམ་ཡང་ཆེན་པོ་ལྡན། ཡིད་ཕངས་པ་ཞིག་ལ་མོར་ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་མྱོང་མེད་པས། ཁོ་མོས “དེ་རིང་རང་ཉིད་ཀྱི་ཉམས་མྱོང་མངོན་ཐུབ་སྟེ་ཐེངས་འདིའི་འགྲན་ཞུགས་བྱས་པ་བརྒྱུད། མཛུབ་སྟོན་དགེ་རྒན་རྣམས་ཀྱི་ཆེད་ལས་ཀྱི་བསམ་འཆར་དང་མཛུབ་སྟོན་འཐོབ་ནས་རང་ཉིད་ཀྱི་འགྲེམས་སྟོན་ཕུགས་འདུན་དེ་བས་རྒྱང་རིང་དུ་བསྐྱོད་ཐུབ་པའི་རེ་འདུན་ཞུ”ཞེས་བཤད།

W020180703589091132558.jpg

འདི་ནི་བདེ་སྐྱིད་རེད།

  ཡོངས་འདེམས་ཀྱི་ཡུལ་དངོས་སུ། བྱེད་སྒོ་འདིའི་འགན་ཁུར་མི་སྣ་བདེ་སྐྱིད་ཀྱིས་བཤད་དོན། ཐེངས་འདིའི་ཡོངས་འདེམས་སུ་མིང་འགོད་མཁན80ལྷག་ཡོད་ཅིང་། འགྲན་སྡུར་ནང་དངོས་སུ་ཞུགས་མཁན20ལྷག་ཡོད། དེའི་ཁྲོད་ཀྱི་འགྲན་ཞུགས་པ་གཉིས་ཀྱི་ཕྱིའི་ཆ་རྐྱེན་ཧ་ཅང་འབུར་དུ་ཐོན་པས། མཛུབ་སྟོན་དགེ་རྒན་རུ་ཁག་གིས་མཛུབ་སྟོན་གང་མང་བྱས་པ་བརྒྱུད་དེ་འཕྲོའི་བསྐྱར་འགྲན་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་ཁྲོད་འོད་མདངས་འཚེར་བའི་ཉམས་འགྱུར་མངོན་ཐུབ་པའི་རེ་བ་ཡོད་ཅེས་བཤད།

W020180703589091133215.jpg

  འདི་ནི་ཡོངས་འདེམས་ཡུལ་དངོས་ཀྱི་ལྟད་མོ་བ་རེད།

  “བོད་པའི་ཤོམ”དེ་མི་རིགས་གྱོན་གོས་རིག་གནས་ཀྱི་སྔོན་ཐོན་པ་ཞིག་ཡིན་པའི་ཆ་ནས། སྔ་རྗེས་སུ2016ལོའི་ཟླ5པའི་ཚེས14ཉིན“བོད་པའི་ཤོམ”སྐབས་དང་པོ་སྤེལ་ཞིང་། 2017ལོའི་ཟླ3པར་ཐོག་དང་པོར་བོད་རིགས་ཀྱི་གྱོན་གོས་དང་བོད་པའི་ཤོམ་པ་ཀྲུང་གོའི་རྒྱལ་སྤྱིའི་དུས་རབས་གྱོན་གོས་དུས་ཆེན་གྱི་གར་སྟེགས་སུ་ཞུགས་པ་དང་། 2017ལོའི་ཟླ7པར་བོད་པའི་ཤོམ་གྱི་དུས་རབས་གྱོན་གོས་དུས་ཆེན་དང་ཀྲུང་གོའི་བོད་རིགས་ཤོམ་པ་འགྲན་ཆེན་སྐབས་དང་པོ་བསྡུས་ཏེ། མཚམས་མི་ཆད་པའི་གསོག་འཇོག་བྱས་པ་བརྒྱུད་འབད་པ་ཆེན་པོས“བོད་ཁུལ་ནས་ཕྱིར་ཐོན་ཏེ་འཛམ་གླིང་དུ་བསྐྱོད”པའི་ལས་གཏོད་ཀྱི་རེ་འདུན་མངོན་འགྱུར་བྱས།

  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བོད་ཀྱི་ཤོམ་པའི་འགྲན་ཆེན་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་དེ2018ལོའི་ཟླ7པའི་ཚེས26ཉིན་སྤེལ་རྒྱུ་རེད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།

   མདུན་ངོས་སུ་ལོག་པ།