ས་འདིར་མེ་རི་འཕྱུར་ནས་མི་༧༠ལྷག་རྐྱེན་ལམ་དུ་ཤོར་འདུག
2018-06-06 15:33:00
|
0

ཉེ་བའི་ཉིན་ཤས་རིང་། བྱང་ཨ་མེ་རི་ཁ་གླིང་དུ་ཡོད་པའི་ཀྭ་ཐེ་མ་ལ་ (Guatemala)ཞེས་པའི་རྒྱལ་ཁབ་ཀྱི་ཧྥའུ་ཨེ་ཀོ་ཞེས་པའི་མེ་རི་དེ་ལས་ཉིན་ཤས་བསྟུད་མར་མེ་འཕྱུར་ཞིང་། ད་སྔའི་བར་མེ་འཕྱུར་བའི་དོན་རྐྱེན་དེའི་ཁྲོད་མི་༧༣ཙམ་རྐྱེན་ལམ་དུ་ཤོར་བ་མ་ཟད། མི་༢༠༠ཙམ་གར་སོང་ཆ་མེད་དུ་གྱུར་བ་དང་། མི་༣༠༠ཙམ་ལ་རྨས་སྐྱོན་ཕོག་ཅིང་། མི་༣༢༠༠ཙམ་གནས་གཞན་དུ་སྤོ་དགོས་བྱུང་འདུག

 

མེ་རི་དེ་ནི་རྒྱལ་ཁབ་དེའི་མངའ་ཁོངས་སུ་ཡོད་པའི་མེ་རི་མང་པོའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ༢༠༡༢ལོ་དང་༢༠༡༥ལོ། དེ་བཞིན་༢༠༡༦ལོ་བཅས་ལ་མེ་ཐེངས་མ་གསུམ་རིང་འཕྱུར་མྱོང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། པད་མ།

   མདུན་ངོས་སུ་ལོག་པ།