"སྔོན་ཐོན་བཟོ་སྐྲུན"གྱི་ལྡེ་མིག་དམ་པོར་བཟུང་།——ཀྲུང་གོའི་བཟོ་སྐྲུན་གྱི་ལོ་ངོ་40
2018-05-22 18:01:00
|
0

བཟོ་ལས་ཀྱི་འཕྲུལ་མི།

མི་དམངས་དྲ་བའི་འཕྲིན། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་གོང་དུ་སྤེལ་བ་ནི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་རིགས་སྒྱུར་རིམ་སྤོར་བྱེད་པའི་བླང་བྱ་རེད་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྐྱོད་པའི་ལམ་བུ་ཉག་ཅིག་དེའང་རེད། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དང་ལྷག་པར་དུ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དེ་ནི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་དང་། སྲ་ཞིང་བརྟན་པའི་བཟོ་སྐྲུན་རྨང་གཞི། ལག་རྩལ་གསར་པ་བསྡུ་ལེན་བྱེད་པའི་རྒྱལ་ནང་གི་ཚོང་ར་ཆེན་པོ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་གྱི་གསར་གཏོད་ནི་རྗེས་འདེད་གཙོ་བོ་བྱེད་པ་ནས་རྗེས་འདེད་ཀྱི་གོམས་སྟབས་མགྱོགས་སུ་གཏོང་བ་དང་མཉམ་བགྲོད་བྱེད་མང་བ། མདུན་གྲལ་དུ་ཐོན་པ་བཅས་བར་གྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

 ཧྭ་ལུང་ཨང་དང་པོ་རྟགས་ཅན”ཡིན་པའི་གོ་ལ་ཧྲིལ་པོའི་ཁག་དང་པོའི་དཔེ་སྟོན་ལས་གྲྭ་སྟེ། ཕུའུ་ཆིང་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་ཨང་5པའི་ZH-65ཅན་གྱི་རླངས་སྐྱེས་འཕྲུལ་ཆས་ཐོག་མ།

མྱུར་བགྲོད་མེ་འཁོར།

རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་གཉིས་པ།

ཀྲུང་གོའི་ཧྲིན་ཀྲེན་གྲོང་ཁྱེར་གྱི་ཁ་པར་བཟོ་གྲྭ་ཞིག་གིས་བཟོས་པའི་སྒྲ་སྐྱེལ་ཁ་པར།

“བསྐྱར་དར་རྟགས་ཅན”ནི་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྣེ་ཁྲིད་ནས་སྒྲིག་འཛུགས་ཞིབ་བཟོ་དང་རང་བརྟེན་ཤེས་བྱའི་བདག་དབང་ཡོད་པ། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་སླེབས་པ་བཅས་ཀྱི་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་ཞིག་ཡིན་པ་རེད།

ཁུང་འབིགས་འཕྲུལ་འཁོར་བཟོ་སྐྲུན་འཁོར་ཁང་།

ལིད་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་སྦེ་ག་ཁང་ནང་ལས་དོན་མི་སྣ་དང་དང་བླངས་པས་སྦེ་གའི་གདན་སྟེང་དུ་པར་ལེན་བཞིན་པ།

ས་འོག་ལྕགས་ལམ་མེ་འཁོར་འདི་དག་ལ་རང་བརྟེན་ཤེས་བྱའི་བདག་དབང་ཆ་ཚང་ཡོད་ལ། ཨ་རིའི་ཚད་གཞི་ལྟར་ཐོན་སྐྱེད་བྱས་པའི་ཀྲུང་གོའི་ཁག་དང་པོའིས་འོག་ལྕགས་ལམ་གྱི་འཁོར་རིགས་ཤིག་ཀྱང་ཡིན།

རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཐོག་མ་དེ་ཡིན་པ།

ཧ་ཅང་མཉེན་ལ་འགྱེད་འཕྲོ་འགོག་པའི་ཤེལ་ལྷེབ།

མི་ཐབས་རིག་ནུས་ཀྱི་ཉིང་ལྷེབ།

ཧྥ་རན་སིའི་པ་ལི་རུ་ཚོགས་པའི་ཧྭ་ཝེ་ཡི་ཐོན་རྫས་གསར་པ་P20རིགས་ཀྱི་ཡོངས་བསྒྲགས་ཚོགས་འདུ།

པེ་ཅིང་དེང་རབས་ཚང་ཀྲོའུ་བཟོ་གྲྭའི་སྒྲིག་སྦྱོར་འཁོར་ཁང་ཨ་མ།

པར་ཙིར་ཧྲེང་པའོ་ལུའོ་གྱི་ཕུག་འབིགས་འཕྲུལ་ཆས།

“ཞའོ་སྨི་ཁྱིམ་ཚང”ཐའེ་པེ་ཚོང་ཁང་ནས་སྐུ་མགྲོན་གྱིས་ལག་ཐོགས་ཁ་པར་སོགས་ཀྱི་ཐོན་རྫས་ལ་ཤེས་རྟོགས་བྱེད་བཞིན་པ།

ཡོང་ཁུངས། མི་དམངས་དྲ་བ།

   མདུན་ངོས་སུ་ལོག་པ།