མཚོ་སྔོན་གྱི་བོད་ཀྱི་གཙག་དྲུབ་འཛམ་གླིང་ཅན་དུ་བསྐྱོད་པ།
2018-05-09 16:08:00
|
0

ཉེ་བའི་ལོ་འགའི་རིང་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ལ་བརྟེན་ནས། མཚོ་སྔོན་གྱི་བོད་ཀྱི་གཙག་དྲུབ་སྔོན་ཆད་ཀྱི་ཞིང་པའི་ཁྱིམ་ཚང་གི་བུད་མེད་རྣམས་ཀྱིས་ཁེར་ལས་ངལ་རྩོལ་བྱེད་པ་ནས་རིམ་བཞིན“ཀུང་སི+ཞིང་ཁྱིམ”གྱི་སྣ་མང་ཅན་གྱི་ལས་གཉེར་རྣམ་པ་རུ་འཕེལ་རྒྱས་སུ་སོང་སྟེ། ས་གནས་ཀྱི་ཁྱད་ཆོས་འདུས་པའི་ཐོན་ལས་ཤིག་ཏུ་བསྐྲུན་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། ད་ལྟ་མཚོ་སྔོན་གྱི་བོད་ཀྱི་གཙག་དྲུབ་ཀྱི་སྐད་གྲགས་ཆེས་ཆེར་རྒྱས་ཏེ་ཨ་རི་དང་རྒྱ་གར། བལ་བོ་སོགས་སུ་འཚོང་བཞིན་ཡོད།

   མདུན་ངོས་སུ་ལོག་པ།