ཆུ་ཚོད་རེར་སྤྱི་ལེ་350སྐྱོད་ཐུབ་པའི་རང་འགུལ་མེ་འཁོར་ཆེས་ཐོག་མ།
2018-04-26 00:00:00
|
0

  སྤྱི་ཟླ་4པའི་ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ཡིས་ཅིང་ཀྲང་མྱུར་སྐྱོད་མེ་འཁོར་གྱི་ཇུས་འགོད་ཐབས་ལམ་ཁྱབ་བསྒྲུགས་བྱས་ཤིང་། ཕྱིའི་མཛེས་བཟོ་དང་ནང་གི་ནུས་པ། སྔར་ལས་ལྷག་པའི་བཟོ་བཀོད་སོགས་ངོ་སྤྲོད་དང་རྒྱ་ཆེ་བའི་མི་དམངས་ཀྱི་མིག་མདུན་དུ་བཤམས་པ་རེད། འདི་ནི་འཛམ་གླིང་དུ་ཆེས་ཐོག་མར་མངོན་འགྱུར་བྱུང་བའི་ཆུ་ཚོད་རེར་སྤྱི་ལེ་350སྐྱོད་ཐུབ་པའི་རང་འགུལ་མེ་འཁོར་ཞིག་རེད།

  མྱུར་སྐྱོད་མེ་འཁོར་འདི་ལ་དེང་རབས་ཀྱི་ཚན་རྩལ་གསར་པ་དང་བདེ་འཇགས་བག་ཕེབས། ཁོར་ཡུག་ལ་གནོད་པ་མེད་ཅིང་། ཕྱོགས་བསྡུས་ཀྱི་ནུས་ཁུངས་གྲོན་ཆུང་སོགས་ལ་ཚད་བརྒལ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། རང་འགུལ་གྱིས་མེ་འཁོར་གྱི་བདེ་འཇགས་དང་ལྷུ་ལག་གོད་ཆག་ལ་བརྟག་བཤེར་བྱེད་པའི་ནུས་པ་ལྡན་པས། འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཁག་ཐེག་ནུས་ལྡན་ཐོན་ཡོད།

  རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ལོ་མཇུག་ཏུ་དངོས་དཔེ་ལྟར་མེ་འཁོར་ལྷུ་སྒྲིག་བྱ་རྒྱུ་དང་། 2019ལོའི་ལོ་འགོ་རུ་ཚོད་ལྟ་ར་སྤྲོད་བྱ་རྒྱུ་རེད།།

   མདུན་ངོས་སུ་ལོག་པ།