མི་རྣམས་ཀྱིས་རྨི་ལམ་རྨི་བའི་རྒྱུ་མཚན་ཅི།
2018-03-14 09:50:00
|
0

རྨི་ལམ་རྨི་བ་ནི་མི་ཚང་མས་མྱོང་དགོས་པའི་གནད་དོན་ཞིག་རེད།གནའ་མིས་རྨི་ལམ་རྨི་བ་ནི་རྒྱུ་རྐྱེན་ཅི་ཡང་མེད་པ་ཞིག་ཡིན་པར་བསམ། ཡིན་ཡང་རྨི་ལམ་རྨི་བ་ལ་རྒྱུ་རྐྱེན་གསུམ་ཡོད་པ་སྟེ། ༡ དངོས་ཁམས་རྒྱུ་རྐྱེན། ༢ སྐྱེ་ཁམས་རྒྱུ་རྐྱེན། 3༣ སེམས་ཁམས་རྒྱུ་རྐྱེན་བཅས་སོ།། དོན་དངོས་སུ་མི་ཚང་མས་རྨི་ལམ་རྨི་ཞིང་། རྨི་ལམ་རྨིས་པའང་གཅིག་མཚུང་མིན་ཞིང་རྨི་ལམ་ནང་གི་ལུས་ཀྱི་མྱོང་ཤེས་ཞིག་དང་མཚུངས་པས་འགོག་ཐབས་མེད་པ་ཞིག་སྟེ། སྤྱིར་བཏང་དུ་རང་ཉིད་ཀྱིས་རང་འགུལ་དུ་རྨི་ལམ་རྨི་བ་ཞིག་རེད།

མིས་རྨི་ལམ་རྨི་དོན་ཅི་ཡིན་ཞེ་ན།

དོན་དངོས་སུ་མི་གཉིད་པའི་སྐབས་སུ་ལུས་སྟེང་གི་དབང་ནུས་གཞན་ཚང་མའང་ངལ་གསོའི་དུས་སྐབས་སུ་གནས་ཡོད། མདོར་ན་ཀླད་པའི་ཕྲ་ཕུང་གི་ཟུག་རེག་ཀྱང་དལ་གྱིས་མར་འབབ་མོད། འོན་ཀྱང་མི་ལུས་ཀྱིས་ངལ་གསོ་དུས།ཁོ་ཚོ་གཉིད་ཀྱི་གཏིང་ལ་སོང་མེད་ཕྱིར་ཕྱི་རོལ་ཡུལ་གྱི་ཟུག་རེག་ཕྲན་ཙམ་ཕྲན་ཙམ་རེ་སྟེར་བས། དེ་དག་གིས་མྱུར་དུ་་འགུལ་སྐྱོད་འགོ་རྩོམ་སྲིད། དེ་བས་མིས་ད་གཟོད་རྨི་ལམ་རྨིས་པ་རེད།

དཔེར་ན་ཉིན་དཀར་དབང་རྩ་ལ་ཟུག་རེག་སློང་བའི་དོན་དག་རེ་བྱུང་ཚེ། མི་ལུས་ཀྱིས་ངལ་གསོ་རེག་བར་དུ་ཀླད་པར་བཟུང་ནས་མངོན་མེད་པས་ལུས་པོའི་ཕྲ་ཕུང་མང་ཆེ་བས་ངལ་གསོ་དུས། ཡང་ཕྲ་ཕུང་ལ་ཤས་ཤིག་ལ་ཉིན་དཀར་བྱུང་བའི་ཟུག་རེག་དེས་དབང་གིས་མིས་རྨི་ལམ་རྨི་བ་མ་ཟད། ཉིན་དཀར་བྱུང་བའི་དོན་དག་དེ་དང་རྨི་ལམ་འདི་གཉིས་ཧ་ཅང་ཆ་མཚུངས་ཡིན། འདི་ནི་མི་རྣམས་ཀྱིས་དུས་རྒྱུན་དུ་བཤད་བཞིན་པའི“ཉིན་དཀར་བྱས་པའི་དོན། མཚན་མོའི་རྨི་རུ་འགྱུར”ཞེས་པ་དེ་ཡིན།

སློབ་གཉེར་བ་ཁ་ཤས་ཀྱིས་གཞུང་ལུགས་དང་དངོས་བཤེར་བརྒྱུད་ནས་མཐོང་གསལ། རྨི་ལམ་འཁྲུག་པ་ནི་རྨི་ལམ་གྱི་རིགས་ཤིག་སྟེ། དེ་འགྲུབ་པའི་རྒྱུ་རྐྱེན་གཉིས་ནི། ཐོག་མར་རྨི་ལམ་འཁྲུག་དུས་རྨི་ལམ་ལས་མི་ལུས་ལ་ནད་བྱུང་བ་མཐོང་བ་དང་། རྒྱུན་དུ་ན་བ་ཆེན་པོ་བྱུང་བའི་ཡར་སྔོན་ལ་ལུས་སུ་གཞན་གྱིས་མཉམ་མི་འཇོག་པའི་ནད་རྟགས་མངོན་པ་ཡིན་མོད། འོན་ཀྱང་སྐབས་འདིར་ནད་དྲག་པོ་དེ་ད་དུང་བྱུང་མེད་པས་ནད་རྟགས་ཀྱང་གསལ་བོ་མིན།

ཡིན་ཡང་མཚན་མོར་གཉིད་འབབ་དུས་ལུས་ཀྱི་ཕྲ་ཕུང་མང་ཆེ་བས་ཀྱང་ངལ་གསོས་ཡོད་པས། སྐབས་འདིར་ནད་གཞི་ཡི་ཕྲ་ཕུང་འགུལ་སྐྱོད་བྱེད་སྐབས་ཡིན་ཕྱིར་སྣང་མེད་དུ་བཞག་པའི་ཟུག་རེག་གིས་ཀླད་ཆེན་གྱི་ཕྲ་ཕུང་ལ་སྙོམས་པོ་མིན་པའམ་རྒྱུན་ལྡན་མིན་པའི་ཟུག་རེག་སློང་བ་དང་ལྷན་དུ་རྨི་ལམ་འཁྲུག་ནས་ལུས་ལ་ནད་བྱུང་བའི་འགོ་རྩོམ་པ་ཡིན།

གཉིས་ནི་ཉིན་དཀར་ལུས་ལ་ཕྱི་རོལ་ཡུལ་གྱི་ཟུག་རེག་གམ་ལུས་ནང་གི་ཟུག་རེག་དྲག་པོ་ཐེབས་པའི་རྐྱེན་གྱིས་ཡིན།

རྨི་ལམ་དུ་བུད་མེད་ཅིག་གིས་རྒྱུན་དུ་རྦ་རླབས་ཆེན་པོ་ཞིག་རང་ཕྱོགས་ལ་མཆེད་ཡོང་ནས་རང་ཉིད་ཕྱིར་མཚོ་ནང་ལ་འཁུར་འགྲོ་བ་མ་ཟད་རང་ཉིད་སྐྱོབ་མཁན་ཡང་མེད་པ་རྨི་བཞིན་། དེ་ནས་བརྟག་དཔྱད་བྱས་པ་བརྒྱུད་ཞིབ་འཇུག་པ་དག་གིས་བུད་མེད་འདི་རྒྱུན་ལྡན་གྱི་བྱ་བ་དང་འཚོ་བའི་བརྒྱུད་རིམ་ཁྲོད་གནོན་ཤུགས་ཆེན་པོས་མནར་ཡོད་པ་མཐོང་ནས་བུད་མེད་ཀྱི་དབང་རླུང་འཁྲུག་པ་ཡིན་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཞན་ལ་རོགས་བྱེད་དུ་འཇུག་འདོད་ཀིན་མེད། གནས་ཚུལ་འདི་འདྲའི་འོག་ཏུ་དཀའ་ལས་ཅི་ཡོད་ངག་ནས་ཕྱིར་བརྗོད་ན་ད་གཟོད་རྨི་ལམ་འཁྲུག་མི་སྲིད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན། བསོད་ཚེ།

   མདུན་ངོས་སུ་ལོག་པ།