ཚོ་ཤོག་གསར་པའི་༼བོད་ཀྱི་དཔལ་འབྱོར་དེབ་གསར་འགྲེམས་སྤེལ་མཛད་སྒོ༽
2018-01-09 15:07:00
|
0

དཔལ་འབྱོར་འཕེལ་རྒྱས་གཏོང་བ་ལ་གཞུང་ལུགས་དང་ལག་ལེན་གཉིས་ནི་ལས་རིགས་གང་དེ་ལམ་ལྷོང་འབྱུང་བར་མེད་དུ་མི་རུང་བའི་རྩ་བའི་རྩ་དོན་གཉིས་ཡིན་པས། ཚོ་ཤོག་གསར་པས་གནད་འདིར་དམིགས་ནས་སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༠པའི་ཚེས་༡༠ཉིན་ནས་༢༠༡༧ལོའི་སྤྱི་ཟླ་༣པའི་ཚེས་༡༠བར་ཏེ། ཟླ་བ་བཅུའི་དུས་ཡུན་ལ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་འགྲན་སྡུར་གྱི་བརྩམས་ཆོས་བསྡུས་པ་ཡིན།

སྤྱི་ལོ༢༠༡༧ལོའི་སྤྱི་ཟླ་༥བའི་ཚེས་༦ཉིན། བོད་ཀྱི་དཔལ་འབྱོར་གཞུང་ལུགས་དང་ལག་ལེན་ལ་བྱས་རྗེས་གང་འཚམ་ཡོད་པའི་ཆེད་མཁས་པ་དང་ཁེ་ལས་པ། ཤེས་ཡོན་པ་སོགས་ཆེད་ཞུས་ཀྱིས་དཔྱད་འདེམས་ཚན་ཆུང་བཙུགས་ནས་དཔྱད་འདེམས་བྱས་ཏེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཤིང་། བོད་ཡིག་རྐྱང་བའི་ལམ་ནས་བྲིས་པ། དུས་དེབ་དང་དྲ་ངོས་གང་རུང་ལ་བཀོད་མ་མྱོང་པ་དང་། རྩོམ་པ་པོ་སྒེར་གྱི་ཞིབ་འཇུག་ལས་བྱུང་པའི་རྩོམ་གསར། དཔྱད་པ་གནད་དུ་སྨིན་ཞིང་། ལུང་ཚིག་དང་བསམ་བློ་ལ་ཚད་ལྡན་གྱིས་བརྡ་བཀྲལ་ཞིང་དག་ཐོན་པའི་དཔྱད་རྩོམ་༡༡བདམས་ཐོན་བྱུང།

དེ་ཡང་ཐེངས་འདིའི་བྱ་དགའ་ཐོབ་པའི་དཔྱད་རྩོམ་དག་ཕྱོགས་བསྒྲིགས་སྒོས་ཚད་ལྡན་གྱི་དེབ་ཏུ་བཟོས་ཚར་བ་མ་ཟད། སྤྱི་ལོ༢༠༡༨ལོའི་སྤྱི་ཟླ་༡བའི་ཚེས་༡༣ཉིན། བྱ་དགའི་གཟེངས་སྐྱེས་སྟེར་བའི་བྱེད་སྒོ་སྟེ།༼དེབ་གསར་གྱི་འགྲེམ་སྤེལ་མཛད་སྒོ༽་དང་༼བོད་ཀྱི་དཔལ་འབྱོར་གཞུང་ལུགས་འཕེལ་རྒྱས་སྐོར་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུ༽་གཉིས་མཉམ་དུ་སྤེལ་འཆར་ཡོད་པས། ཆོལ་གསུམ་སྤུན་ཟླ་ལྷན་རྒྱས་ཀྱིས་དེ་དོན་དགོངས་འཇགས་འཚལ།


ཚོགས་འདུའི་གོ་རིམ། 

 
ཐེངས་འདིའི་དཔྱད་འདེམས་མཇུག་འབྲས་གཤམ་གསལ་ལྟར་ཡིན་ཏེ།

༼ ཨང་དང་པོ། ༽

ཚེ་རིང་དོན་གྲུབ།
ཕ་ཡུལ་ཞོན་ཧ་རྡོ་སྦིས།
ད་ལྟ་རྒྱལ་གཉེར་ཁེ་ལས་ནང་ལས་ཀ་ལས་བཞིན་ཡོད། ཞིབ་འཇུག་ཁ་ཕྱོགས་ནི་བོད་ཀྱི་ས་གནས་དཔལ་འབྱོར་དང་མི་ཤུགས་ཐོན་ཁུངས་སྐོར་ཡིན།

རིག་འཛིན་སྒྲོལ་མ།
ཕ་ཡུལ་མཚོ་སྔོན་མཚོ་ལྷོ།
༢༠༡༥ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་གྱི་རྒྱ་བོད་ལོ་ཙཱའི་རབ་འབྱམས་པའི་བསླབ་གནས་བླངས།
རྩོམ་བྱང་། ༼དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་བོད་ཀྱི་དཔལ་འབྱོར་སྐོར་རགས་ཙམ་གླེང་བ།༽

༼ ཨང་གཉིས་པ། ༽

བཀྲ་ཤིས་རྒྱལ།
ཕ་ཡུལ་གཅན་ཚ།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ།
ལས་གནས། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་།
རྩོམ་བྱང་། ༼བོད་བཙན་པོའི་དཔལ་འབྱོར་འཕེལ་ཞིབ་དང་བོད་ཉེ་དེང་དཔལ་འབྱོར་སྣང་ཚུལ་ཕྲན་དཔྱད།༽ 
 
ཚེ་རིང་མཚོ།
ཕ་ཡུལ་མཚོ་སྔོན་རྐང་ཚ།
ལས་གནས། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་མཉམ་ལས་སྨན་བཅོས་ཁང་།
རྩོམ་བྱང་། ༼བི་ཤྭ་ཀརྨ་བོད་ཀྱི་འཚེམ་དྲུབ་ཐོན་རྫས་ཀྱི་ཁྲོམ་རའི་གནས་ཐིག་གཏན་འཁེལ་དང་བྲིན་སྐུལ་གྱི་ཐབས་ཇུས་སྐོར་ལ་དབྱེ་ཞིབ་བྱས་པ།༽

༼ ཨང་གསུམ་པ། ༽

ཀླུ་སྟོད་སྒྲོལ་མ་སྐྱབས།
ཕ་ཡུལ་ཀན་ལྷོ་ཀླུ་ཆུ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་མཐར་ཕྱིན་སློབ་མ།
རྩོམ་བྱང་། ༼མདོ་སྨད་ཀླུ་ཆུའི་འབབ་ཡུལ་གྱི་ལོ་ཚོ་སྡེ་བའི་རོང་མ་འབྲོག་གི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་དང་ཐག་གཅོད་ཐབས་སྐོར་གླེང་བ།༽


མང་རའི་རྒྱལ་མཚན།
ཕ་ཡུལ་མང་རྫོང་།
ལས་གནས། སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་།
རྩོམ་བྱང་། ༼བོད་པའི་ལས་ཞུགས་ཀྱི་དཀའ་ཁག་དང་གོ་སྐབས།༽ 
 
ཚེ་རིང་དངོས་གྲུབ།
ཕ་ཡུལ་བོད་ལྗོངས་གཞིས་ཀ་རྩེ།
ཀྲུང་གོ་མི་དམངས་སློབ་ཆེན་གྱི་ངལ་རྩོལ་དང་མི་དོན་སློབ་གླིང་དུ་ངལ་རྩོལ་འབྲེལ་བའི་ཆེད་ལས་སྦྱོང་བཞིན་ཡོད།
རྩོམ་བྱང་། ༼མཐོ་རིམ་དབུ་འཛིན་གསོ་སྐྱོང་གི་གལ་འགངས་གླེང་བ།༽

༼ཕུལ་བྱུང་བྱ་དགའ།༽ 
 
བཀྲ་ཤིས་དཔལ་འབྱོར།
ཕ་ཡུལ་ཀན་ལྷོ་རྨ་ཆུ།
ལས་གནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི༡༤ལོའི་ལོ་ཙྭ་འཛིན་གྲྭ་དང་བོ།
རྩོམ་བྱང་། ༼རྨ་ཆུའི་ཐོན་ཁུངས་དང་འབྲེལ་བའི་དཔལ་འབྱོར་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ།༽ 

 
དཔལ་ཆེན་རྡོ་རྗེ།
ཕ་ཡུལ་གཅན་ཚ།
མཚོ་སྔོན་མི་རིགས་སློབ་ཆེན་2015ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།
རྩོམ་བྱང་། ༼བོད་རིགས་སློབ་ཆེན་སློབ་མའི་ལས་སྒོ་གསར་འབྱེད་ཀྱི་འདུ་ཤེས་དང་མིག་སྔའི་གནས་བབ་གླེང་བ།༽

ཚེ་བརྟན་དབང་ཕྱུག
ཕ་ཡུལ་གཞིས་རྩེ་ཤངས་འུ་ཡུག
ལས་གནས། ཀྲུང་ཧྲན་སློབ་ཆེན་ཡུལ་བསྐོར་སློབ་གླིང་ལོ་རིམ་གསུམ་པའི་དངོས་གཞིའི་སློབ་མ།
རྩོམ་བྱང་། ༼བོད་ཁུལ་དེང་སྐབས་སྤྱི་ཚོགས་དང་མཐུན་པའི་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་ཅུང་ཙམ་དཔྱད་པ།༽

བཀྲ་ཤིས་དོན་གྲུབ།
ཕ་ཡུལ་མཚོ་སྔོན་ཡུལ་ཤུལ།
ལས་གནས། འབྲོག་རུ་ཚོ་བའི་ལས་སྒོ་གསར་སྤེལ་སྤྱི་གཉེར་གྱི་འགན་འཛིན་པ།
རྩོམ་བྱང་། ༼བོད་ཁུལ་དཔལ་འབྱོར་གྱི་ད་ལྟའི་གནས་བབ་དང་གསར་གཏོད་བཅོས་སྒྱུར་རགས་ཙམ་གླེང་བ།༽

མགར་གཞུང་རིག་འཛིན་སྐྱབས།
ཕ་ཡུལ་འབའ་རྫོང་མགར་རྩེ་ཞོལ་མའི་སྨན་ཤུལ་ཚོ་བ།
ལས་གནས། འབའ་རྫོང་དམངས་ཆེན་རྒྱུན་ཨུའི་གཞུང་ལས་ཁང་གི་དྲུང་ཡིག
རྩོམ་བྱང་། ༼དེང་རབས་དཔལ་འབྱོར་གྱི་མིག་ཟུང་སྤྱད་ནས་ནོར་ནག་གི་རིན་ཐང་གླེང་བ།༽
ཐེངས་འདིའི་ཚོ་ཤོག་གསར་པའི་༼བོད་ཀྱི་དཔལ་འབྱོར་དེབ་གསར་འགྲེམས་སྤེལ་མཛད་སྒོ༽ལ་རོགས་སྒྲུབ་གནང་བའི་བོད་ཀྱི་ཁེ་ལས་དག

ཡུལ་ཤུལ་རེ་བ་ཚོང་ཁྲོམ།

གངས་ལྗོངས་དགའ་ཡ།

སྟོང་བཙན་རིག་གནས།

བཙན་པོ་ཁང་ས་ཐོན་ལས།

མི་རབས་གསར་པའི་རང་སའི་དཔལ་འབྱོར་དར་སྤེལ་གྱི་བསམ་གཞིགས་རྣལ་མ།ཚོ་ཤོག་གསར་པའི་བོད་ཀྱི་དཔལ་འབྱོར་གཞུང་ལུགས་འཛུགས་སྐྲུན་གྱི་གོམ་སྟབས་ཐོག་མ།《བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས ༡》ཐོན་ལ་ཉེ། ལྷན་རྒྱས་ནས་མངག་ཉོ་ཡོད་པར་ཞུ།

མངག་ཉོའི་ཁ་པར། 18697157090,15597495666,15297145222

ཡོང་ཁུངས། ཚོ་ཤོག་འཕྲིན་སྟེགས།
རྩོམ་སྒྲིག་པ། བསོད་ཚེ།

   མདུན་ངོས་སུ་ལོག་པ།