ཧྲང་ཧའེ་ཧྲེང་ཧྭ་རུ་ཁག་གིས་འགྲན་སྐབས་འདིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་བུམ་པའི་ཨང་དང་པོ་བླངས་བ།
2017-11-27 09:34:00
|
0

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤྱི་ཚེས༢༦ཉིན་གྱི་དགོང་མོ། སྤྱི་ལོ༢༠༡༧ལོའི་འགྲན་སྐབས་ཀྱི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་བུམ་པའི་རྟིང་རྩོད་ཀྱི་འགྲན་བསྡུར་བྱེད་སྐོར་ཧྲང་ཧའེ་ཡི་བདག་རེས་འགྲན་སར་འགོ་ཚུགས་ཡོད་པ་རེད། འགྲན་སྐོར་དང་པོར་སྤོ་ལོ་གཅིག་གིས་མང་བ་ཐོབ་པའི་ཧྲང་ཧའེ་ཧྲེང་ཧྭ་ཡིས་འགྲན་ཐེངས་འདིར་ཚའོ་ཡུན་པེ་དང་མ་ཏིང་སི་གཉིས་ཀྱིས་བླུག་པའི་སྤོ་ལོ་ལ་བརྟེན་ནས། སྐར་མ་བསྡུར་ཚད་གཉིས་དང་གསུམ་གྱི་ཐོག་ནས་ཧྲང་ཀང་ལ་ཤོར་ཡོད་ཀྱང་། སྤྱིའི་སྐར་གྲངས་གསུམ་སྡུར་གསུམ་ཡིན་པས། མགྲོན་རེས་སུ་སྤོ་ལོ་བླུག་ཐེངས་མང་ཤོས་ལ་བརྟེན་ནས་འགྲན་སྐབས་འདིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་བུམ་པའི་ཨང་དང་པོ་བླངས་ཡོད་པ་རེད།

图片来源:新浪体育

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།

   མདུན་ངོས་སུ་ལོག་པ།