▪བོད་ལྗོངས་ནས་ལོ་ངོ་700ལྷག་ཕྱིན་པའི་ལྡེབས་རིས་ཤིག་རྙེད།
2017-10-28 17:38:00
|
0

བོད་ལྗོངས་ནས་ད་ལྟའི་བར་ལོ་ངོ་700ལྷག་ཕྱིན་པའི་ལྡེབས་རིས་ཞིག་གསར་དུ་རྙེད་པ།

ཟླ་10ཚེས་26ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་(གྲོང་ཁྱེར་རིག་གནས་ཅུས་)ནས་ཤེས་རྟོགས་བྱུང་གསལ། ལས་ཁུངས་འདི་དང་ཧུའུ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་སྒྲིག་འཛུགས་བྱས་པའི་བརྟག་དཔྱད་ཚོ་ཆུང་གིས"མགོ་ལྷ་ཁང"གི་ཤུལ་རྗེས་རྙེད་པ་རེད། ཤུལ་རྗེས་ནང་གི་ལྡེབས་རིས་ཉར་ཚགས་ཆ་ཚང་ཡིན་ལ། ཞིབ་འཇུག་མི་སྣས་ཞིབ་དཔྱད་རགས་ཙམ་བྱས་པར་གཞིགས་ན། འདི་ནི་དུས་རབས་14པའི་སྔ་གཞུག་གི་ཡིན་པ་དང་། ད་ལྟའི་བར་དུ་ལོ་ངོ་700ལྷག་ཕྱིན་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། ལྷ་སྐྱིད།

   མདུན་ངོས་སུ་ལོག་པ།