▶བོད་ཡིག་རིག་ནུས་ཁ་པར་གསར་སྐྲུན་བྱས་པའི་ཁམས་པའི་ཕོ་རྒོད་ཞིག
2017-09-30 11:22:00
|
0

གོང་དུ་ལྷན་རྒྱས་ནས་གསན་བཞེས་གནང་བཞིན་པ་འདི་ནི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་ཐོག་བཀོད་སྒྲིག་ཞུས་པའི་གཞོན་ནུའི་ཕྱུག་འགྱུར་ལམ་བཟང་ཞེས་པའི་ལེ་ཚན་དེ་རེད།

ཐེངས་འདིའི་ལེ་ཚན་ནང་དུ་ང་ཚོས་མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་འཇམ་དབྱངས་ནོར་བུ་ལགས་ལ་བཅར་འདྲི་ཞུས་ཏེ། ཁོང་གིས་ཨེ་མ་ཧོ་ཀུང་སི་དང་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་གསར་སྤེལ་བྱས་པའི་མཉེན་ཆས་དག་ངོ་སྤྲོད་ཞུ་བཞིན་པ་དང་། དེ་མིན་ཀུང་སིའི་མ་འོངས་བའི་འཆར་གཞི་དང་ལས་གནས་གསར་སྐྲུན་གྱི་ཉམས་མྱོང་སོགས་གླེང་མུས་ཡིན།

ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་འཇམ་དབྱངས་ནོར་བུ་དང་ལས་གྲོགས།

ཨེ་མ་ཧོ་བོད་ཡིག་རིག་ནུས་ཁ་པར་ཐོན་རིམ་གཉིས་པ་འདི་ལ་ནུས་པའི་སྟེང་ནས་ཐོན་རིམ་དང་པོའི་རྨང་གཞི་ཐོག་གཤམ་བཀོད་ལྟར་རིམ་སྤར་བྱས་ཡོད།

ཨེ་མ་ཧོ་བོད་ཡིག་རིག་ནུས་ཁ་པར་ཐོན་རིམ་གཉིས་པ་རིས་འགྲེལ།

༡ མ་ལག་པར་རིམ་android2.2.3ནས་android2.3.6ལ་སྤར་ཡོད།

༢ རྒྱུད་ཁོངས་མ་ལག་གཏན་འཇགས་རང་བཞིན་གོང་འཕེལ་བཏང་བ།

༣འཆར་ཡོལ་སྣེ་ཟུར་གྱི་མཐོང་རྒྱ་ཆེ་རུ་བཅུག་པས་འཆར་བའི་སྤུས་ཚད་སྔར་ལས་ཡག་པ།

༤ པར་ཆས་ཀྱིས་པར་ལེན་སྐབས་རང་འགུལ་དམིགས་སྒྱུར་གྱི་བྱེད་ནུས་གསར་སྣོན་བྱས་པ།

༥ པར་ཆས་ཀྱིས་པར་ལེན་སྐབས་པར་རིས་སྔོན་ལས་མངོན་གསལ་དོད་པ།

ཨེ་མ་ཧོ་རིག་ནུས་ཁ་པར་ཐོན་རིམ་གསུམ་པའི་སྒྲིག་སྦྱོར།

འཆར་ཤེལ། འབྱིན་ཚོན4.3དྭངས་གསལ1280*720

སྒྲིག་བཀོལ་མ་ལག Andorid4.1

བརྙན་མིག ས་ཡ་བརྒྱད་ཀྱི་བརྙན་རྒྱུ།

ནང་གསོག 2GB

ཉར་གསོག 16/32GB

གློག་རྫས། 2000mAh

དྲ་བ། དྲ་གསུམ་གཅིག་སྐྱོར་ཐུབ་པ། གློག་འཕྲིན། འཁྱེར་འཕྲིན། འབྲེལ་འཕྲིན།

ཨེ་མ་ཧོ་རིག་ནུས་ཁ་པར་ཐོན་རིམ་གསུམ་པའི་ནང་ཐུན་མོང་མ་ཡིན་པའི་བཀོལ་སྤྱོད་བསྒྲིགས་རིམ་མང་པོ་བསྒྲིགས་ཡོད། དྲྭ་གསུམ་གཅིག་སྐྱོར་ཏེ། བྱང་གཞོང་གཅིག་གི་ནང་དུ་ཁ་པར་དང་གློག་འཕྲིན། འབྲེལ་འཕྲིན་གསུམ་གྱི་བྱང་བུ་གང་རུང་ཞིག་བཞག་ཆོག ཕྱི་དབྱིབས་མཛེས་ཤིང་དུས་སྲོལ་དང་མཐུན་པ། ཆེ་ཆུང་ཀུ་ཤུ་ལྔ་པ་དང་འདྲ་ལ་འཆར་ཤེལ་དེ་ལས་ཆེ། འཆར་ཤེལ་དྭངས་ཤིང་གསལ་ལ་བརྙན་མིག་བརྙན་རྒྱུ་མཐོ་བས་པར་ལེན་པ་དང་བརྙན་འཕྲིན་གཏོང་སྐབས་ནུས་པ་ཕུལ་དུ་བྱུང་།

ཁ་པར་གྱི་མཐའ་རྒྱན་ནི་ཧ་ཡང་ལས་གྲུབ་པས་སྤུས་ཚད་མཐོ་ལ་སྲ་ཞིང་བརྟན།

གློག་རྫས་ཆེ་བ་དང་བྱང་གཞོང་གཅིག་མ་གཏོགས་མེད་པས་གློག་རྫས་བེད་སྤྱོད་དུས་ཡུན་རིང་།


འཇམ་དབྱང་ནོར་བུ་ལགས་ཀྱིས། ཨེ་མ་ཧོ་ཚན་རྩལ་ལ་རྒྱ་ཆེ་བའི་སྤྱི་ཚོགས་ཡོངས་ཀྱིས་ཡིད་ཆེས་དང་ཁས་ལེན་འཐོབ་པ་མ་ཚད། བོད་ཡིག་ལག་འཕྲིན་གསར་སྤེལ་ཐད་ནས་གྲུབ་འབྲས་གང་ལེགས་འཐོབ་ཡོད། ཡང་དུས་རབས་ཉེར་གཅིག་གི་གོམ་འགྲོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་རྩོད་ཆེ་བའི་དེང་གི་ཆ་འཕྲིན་དུས་རབས་འདིར། སྣ་མང་ཤེས་རིག་གི་རོ་བཅུད་ཉམས་མྱོང་ལག་ལེན་དུ་བསྟར་ནས་ལེགས་བཅོས་དང་གསར་བསྐྲུན་བྱེད་པ་ཤིན་ཏུ་གལ་ཆེ། དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་དང་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཟེར་བས་འཛམ་བུ་གླིང་གི་དྲ་རྒྱའི་འབྲེལ་མཐུད་ལས་རྩིས་འཕྲུལ་དང་ཁ་པར་སོགས་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུན་བཀོལ་ཞིག་ཏུ་གྱུར་ཡོད་ཅིང་། དེ་དག་གི་སྤུས་ཚད་དང་བྱེད་ནུས་སོགས་ཀྱང་ཡར་ངོ་ཟླ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད། སྔོན་བྱོན་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ནང་གསར་དུ་གཏོད་པའི་རིག་པའི་གཞུང་ལུགས་ཡིག་ངོར་ཕབ་པ་དག་དུས་རབས་གསར་པའི་ཚན་རྩལ་གྱི་གསོན་ཤུགས་ཁྲོད་མུ་མཐུད་གནས་ཤིང་རྒྱུན་སྐྱོང་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོར་བཅོལ་བའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་རེད་ལགས། དེ་བས་ངེད་ཨེ་མ་ཧོ་ཚན་རྩལ་གྱིས་གསར་སྤེལ་བྱས་པའི་བོད་ཡིག་ལག་འཕྲིན་རྣམས་ཀྱི་མ་ལག་ཡིག་བསྒྱུར་སྐབས་མིང་བརྡ་ཚིག་གསུམ་ནི་གཙོ་བོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་མཛད་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་སྐྲུན་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད་བཅས་ལ་གཞི་འཛིན་ཡོད་པ་མ་ཟད། རིགས་གཅིག་མཁས་པ་མང་པོ་ཞིག་གིས་ཀྱང་ཐུགས་ཁུར་གང་ལེགས་མཛད་བྱུང་ཞེས་ངོ་སྤྲོད་གནང་བ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
མདོ་འཛིན་པ། འབྲུག་འཚོ་སྐྱིད།

   མདུན་ངོས་སུ་ལོག་པ།