▪དམངས་འཚོ་ལེཊ་བཅོས་དང་འགན་སྲུང་ལ་མཇུག་རྫོཊ་རྒྱུ་མེད།
2017-04-19 16:53:00
|
0

དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཞིང་། དམངས་སེམས་རྒྱལ་ཁབ་དང་འབྲེལ། དམངས་འཚོ་ནི་ཆབ་སྲིད་ཀྱི་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་ཏུ་དུས་དང་རྣམ་པ་ཀུན་དུ་སེམས་སུ་འཛིན་དགོས་ལ། ཕྲག་ཏུ་ཁུར་དགོས། ཀྲུང་གོའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་སྤྱི་ཚོགས་དང་དཔལ་འབྱོར་དར་རྒྱས་སུ་གཏོང་དགོས་པ་མ་ཟད། དམངས་འཚོ་ལེགས་བཅོས་ཀྱི་བྱ་གཞག་ལའང་འབད་འབུངས་བྱེད་དགོས།

དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། དམངས་འཚོ་ལེགས་བཅོས་ཡོང་བ་ནི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན། འདས་པའི་ལོ་གཅིག་གི་ནང་། རྒྱལ་ཡོངས་སྡོད་དམངས་ཀྱི་མི་རེའི་ཆ་སྙོམ་ཡོང་འབབ་6.3%་འཕར་ཡོད་ལ། ཞིང་གྲོང་དབུལ་ཕོངས་མི་གྲངས་ཁྲི1240ཇེ་ཉུང་དུ་ཕྱིན་ཡོད་པ་དང་། སྦྱིལ་བུའི་སྡོད་ཁང་ཁྲི་600ལྷག་ལེགས་བཅོས་བྱུང་ཞིང་། གནས་སྤོའི་དབུལ་སྐྱོར་མི་གྲངས་ཁྲི་240ལས་བརྒལ་བ་དང་། ཉེན་ཁ་ཅན་གྱི་ཞིང་གྲོང་སྡོད་ཁང་ཁྲི་380ཙམ་ལེགས་བཅོས་བྱུང་ལ། རྒྱལ་ནང་གི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སོང་བའི་མི་གྲངས་དུང་ཕྱིར་1.2ལྷག་ལ་སླེབས་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་། དམངས་འཚོའི་བྱ་གཞག་ཁྱོན་ཡོངས་ནས་གོང་དུ་འཕེལ་བཞིན་ཡོད་ཅེས་བཤད་ཆོག་ལ། ཀྲུང་གོའི་བ་དུང་ཕྱིར་13ཡོངས་ལ་གྲུབ་འབྲས་ཐོབ་པའི་སྣང་བ་བྱུང་ཡོད།

ཀྲུང་གོའི་ལམ་བུ་འཚོལ་ཞིབ་ཀྱི་གོ་རིམ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བརྒྱུད་རིམ་ཡིན་ཞིང་། འདས་པའི་ལོ་ངོ་གཅིག་གི་རིང་། དམངས་འཚོ་ལེགས་བཅོས་ཀྱི་བྱ་གཞག་ལ་གྲུབ་འབྲས་གཡུར་ཏུ་ཟ་བ་ཞིག་བླངས་ཡོད་ཀྱང་སྡོད་ཁང་དང་སྨན་བཅོས། རྒན་གསོ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། ཡོང་འབབ་བགོ་བཤའ་བཅས་ཀྱི་སྐོར་ལ་ད་དུང་ཀྱང་ལེགས་བཅོས་བྱེད་དགོས་ཀྱི་ཡོད། དམངས་འཚོ་ལེགས་བཅོས་དང་དབུལ་སྐྱོར་ལ་འབྲེལ་བ་དམ་པོ་ཡོད་པས། སྲིད་གཞུང་གི་སྙན་ཞུ་ལས་དབུལ་སྐྱོར་གྱི་ཆ་རྐྱེན་གསལ་བོ་དང་དབུལ་ཕོངས་ལས་ཐར་བའི་ཆ་རྐྱེན་ཁ་གསལ་བོ་དང་ཚགས་དམ་པོར་ལག་ལེན་བྱ་དགོས། ད་ལོར་དབུལ་ཕོངས་མི་གྲངས་ཁྲི་1000ལྷག་ཇེ་ཉུང་དང་གནས་སྤོའི་དབུལ་སྐྱོར་མི་གྲངས་ཁྲི་340ལ་སླེབས་པ་བྱ་དགོས་ལ། འདི་ནི་མི་དམངས་ལ་ཁས་བླངས་བའི་དམ་བཅའ་ཡིན་ལ་སྲིད་གཞུང་ལ་སྐུལ་ལྕག་བཏང་བའང་ཡིན།

གནམ་འོག་བདེ་འགོད་དམངས་ཕྱུག་གཙོ། གནམ་འོག་སྤྲོད་སྐྱིད་དམངས་ཀྱི་བདེ། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱ་གཞག་ལ་མཇུག་རྫོགས་རྒྱུ་མེད་པར། རྒྱུན་ཆད་མེད་པར་ལས་ཀ་གསར་པ་མགོ་རྩོམ་ཞིང་དེར་འབད་པ་ལྷོད་མེད་བྱས་ན་ད་གཟོད་སྔར་བས་གྲུབ་འབྲས་ལེགས་པོ་ཐོབ་ཐུབ། རིམ་པ་སོ་སོའི་སྲིད་གཞུང་གིས་དོན་དངོས་གཞིར་བཟུང་ནས་ལས་དོན་དངོས་སྒྲུབ་དང་། དཀའ་སྤྱད་འབད་བརྩོན་བྱས་ན་དུས་རབས་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་སྲིད་དོ།།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བསོད་ནམས་འཚོ།

   མདུན་ངོས་སུ་ལོག་པ།