ཁྲོམ་ར་བརྟན་དུ་གཏོང་ཆེད་ཀྲུང་དབྱང་དངུལ་ཁང་གིས་བྱ་སྤྱོད་སྤེལ་འདུག
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་11པའི་ཚེས་2ཉིན་སྤྱི་བསྒྲགས་སྤེལ་ནས། མ་རྩའི་ཁྲོམ་ར་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་11པའི་ཚེས་3ཉིན་དངུལ་འཛིན་དང་། ཐེབས་རྩ། འགན་བཅོལ་ཀུང་སི་བཅས་ནས་སྟབས་བདེ་བརྗེ་རེས་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ་དང་། བརྗེ་རེས་ཀྱི་དུས་ཡུན་ལོ་གཅིག་ཡིན་ལ། གནས་ཚུལ་ལ་གཞིགས་ཏེ་དུས་ཡུན་རིང་དུ་བཏང་ཆོག་གི་ཡོད་པ་རེད། མིག་སྔར་དངུལ་འཛིན་དང་ཐེབས་རྩ་ཀུང་སི་31གིས་དགོས་མཁོ་རེ་ཞུ་བྱས་པ་དང་། རེ་ཞུའི་དངུལ་གྲངས་སྒོར་དུང་ཕྱུར་1000ལས་བརྒལ་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















