ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གློག་སྒུལ་རྐང་འཁོར་སོཌ་དང་འབྲེལ་བའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན།

2026-08-27 09:49:00     责编:卓玛才让

ཚེས་25ཉིན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཐོག་གྲོས་ཞིབ་ཐེངས་དང་པོ་བྱ་རྒྱུར་ཕུལ་ཡོད།

ད་ཐེངས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཁྱོན་ལེའུ་9དང་དོན་ཚན་170ཡོད་ཅིང་། དེའི་ཁྲོད་ཁ་ལོ་རང་སྒྱུར་གྱི་རླངས་འཁོར་བགྲོད་ལམ་ཐོག་སྐྱོད་པའི་ཆ་རྐྱེན་དང་། སྒྲིག་འགལ་ཐག་གཅོད་རྩ་དོན། འགན་བཅོལ་ལམ་ལུགས་སོགས་ཁ་གསལ་བཟོས་ཡོད་པ་དང་། “ར་བཟི་ནས་རླངས་འཁོར་གཏོང་བ་”དང་“ལམ་ངོས་ལ་མི་ལྟ་བར་རླངས་འཁོར་གཏོང་བ་”“བེད་མེད་རླངས་འཁོར་”“ཚད་བརྒལ་རླངས་འཁོར་”བཅས་བཅོས་སྒྲིག་དང་དེ་བཞིན་གློག་སྒུལ་རྐང་འཁོར་དང་“མགྱོགས་བགྲོད་ལུས་རྩལ་ཚོགས་པ་”དོ་དམ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། དམིགས་སའི་རང་བཞིན་གྱི་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་བཟོས་ཡོད་ཅིང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག དམངས་ཕན་བྱ་ཐབས་ཁྱབ་གདལ་བཏང་ནས་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་རྒྱུ་སོགས་ཚུད་ཡོད།

ཁ་ལོ་རང་སྒྱུར་རླངས་འཁོར་གྱི་ཆེད་ཚན་གཏན་འབེབས་གསར་སྣོན་བྱས་པ།

འཆར་ཟིན་ནང་“ཁ་ལོ་རང་སྒྱུར་རླངས་འཁོར་གྱི་དམིགས་བསལ་གཏན་འབེབས་”ཀྱི་ཆེད་ཚན་བཟོས་ཏེ། ཁ་ལོ་རང་སྒྱུར་རླངས་འཁོར་དང་ཁ་ལོ་སྒྱུར་བར་རམ་འདེགས་ཐུབ་པའི་རླངས་འཁོར་གྱི་བྱེད་ནུས་ཐད་ཀྱི་མཚན་ཉིད་ཁ་གསལ་བཟོས་པ་མ་ཟད། ད་དུང་ཁ་ལོ་རང་སྒྱུར་རླངས་འཁོར་གྱིས་ཁ་ལོ་རང་སྒྱུར་བྱེད་ནུས་བཀོལ་སྤྱོད་བྱས་རྗེས་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཐད་ཁྲིམས་འགལ་གྱི་བྱ་སྤྱོད་ཐོན་ན། ཁ་ལོ་རང་སྒྱུར་རླངས་འཁོར་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་ནང་འདྲེན་ཁེ་ལས་ཀྱིས་ཐག་གཅོད་དང་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

ཁ་ལོ་རང་སྒྱུར་གྱི་བྱེད་ནུས་བཀོལ་སྤྱོད་བྱས་མེད་པའི་ཁ་ལོ་རང་སྒྱུར་རླངས་འཁོར་དང་ཁ་ལོ་སྒྱུར་བར་རམ་འདེགས་ཀྱི་བྱེད་ནུས་ལྡན་པའི་རླངས་འཁོར་བགྲོད་ལམ་ཐོག་བསྐྱོད་སྐབས། ཁ་ལོ་རང་སྒྱུར་མིན་པའི་རླངས་འཁོར་གྱི་གཏན་འབེབས་གཞིར་བཟུང་དོ་དམ་བྱ་རྒྱུ་རེད།

“ལམ་ངོས་ལ་མི་ལྟ་བར་རླངས་འཁོར་གཏོང་བ་”དང“མགྱོགས་བགྲོད་ལུས་རྩལ་ཚོགས་པ་”སོགས་བཅོས་སྐྱོང་གི་བྱེད་ཐབས་ཁ་གསལ་བཟོས་པ།

འཆར་ཟིན་ནང་། ལག་ཐོགས་ཁ་པར་རྒྱག་པ་དང་བརྙན་ལ་ལྟ་བ་སོགས་རླངས་འཁོར་གཏོང་བའི་བདེ་འཇགས་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་ཡོད་པ་མ་ཟད་འགྲིམ་འགྲུལ་དོན་རྐྱེན་སློང་བའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་རིགས་ལ་དངུལ་ཆད་སྒོར་200ཡན་ནས་སྒོར་500མན་གཅོད་རྒྱུ་དང་ཆབས་ཅིག རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་ཟླ་གསུམ་ལ་གནས་སྐབས་བཀག་ཉར་བྱས་ཆོག་པ་ཁ་གསལ་བཟོས་ཡོད།

གཞུང་ལམ་བཟུང་སྤྱོད་བྱས་ཏེ་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བའི་“མགྱོགས་བགྲོད་ལུས་རྩལ་ཚོགས་པ་”སོགས་ལ་དམིགས་ཏེ། འཆར་ཟིན་ནང་ཆོག་མཆན་མ་ཐོབ་པར་སྡེ་ཚན་ནམ་མི་སྒེར་གང་རུང་གིས་གཞུང་ལམ་བཟུང་སྤྱོད་བྱས་ཏེ་འགྲིམ་འགྲུལ་མིན་པའི་བྱེད་སྒོ་སྤེལ་མི་ཆོག་པའི་གཏན་འབེབས་བྱས་ཡོད།

གློག་སྒུལ་རྐང་འཁོར་གྱི་མྱུར་ཚད་ཚོད་འཛིན་ཐད་ལེགས་སྒྲིག་བྱ་རྒྱུ།

འཆར་ཟིན་ནང་གློག་སྒུལ་རྐང་འཁོར་རིགས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲོ་ལམ་དུ་སྐྱོད་སྐབས་ཀྱི་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་དེ་སྤྱི་ལེ་15ནས་སྤྱི་ལེ་20བར་ལེགས་སྒྲིག་བྱ་རྒྱུ་མ་ཟད།  གློག་སྒུལ་རྐང་འཁོར་བཏང་ནས་གཞུང་ལམ་ཐོག་སྐྱོད་སྐབས་ལྡོག་ཕྱོགས་སུ་འགྲོ་མི་རུང་བ་དང་། མྱུར་ཚད་ཚད་ལས་བརྒལ་མི་རུང་བ། འགྲིམ་འགྲུལ་བརྡ་རྟགས་དང་འགལ་ནས་གཏོང་མི་རུང་བ། དེ་བཞིན་ལག་ཐོགས་ཁ་པར་རྒྱག་པ་དང་བརྙན་ལ་ལྟ་བ་སོགས་ཀྱི་བྱེད་སྤྱོད་ཡོད་མི་རུང་བའི་གཏན་འབེབས་ཁ་གསལ་བྱས་ཡོད།

དེ་དང་དུས་མཚུངས། འཆར་ཟིན་ནང་གློག་སྒུལ་རྐང་འཁོར་གཏོང་མཁན་དང་བཞོན་མཁན་གཉིས་ཀས་གཏན་འབེབས་ལྟར་བདེ་འཇགས་ཞྭ་མོ་གྱོན་དགོས་པའི་གཏན་འབེབས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

གློག་སྒུལ་རྐང་འཁོར་སོཌ་དང་འབྲེལ་བའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན།

ཚེས་25ཉིན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཐོག་གྲོས་ཞིབ་ཐེངས་དང་པོ་བྱ་རྒྱུར་ཕུལ་ཡོད།