ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འཕྲུལ་མི་བཀོལ་སྤྱོད་བྱ་ཡུལ་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་པ།

2026-08-26 09:46:00     责编:卓玛才让

དུས་ཡུན་ཉིན་ལྔའི་2026ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཚེས་23ཉིན་པེ་ཅིང་དུ་འཚོགས་མཇུག་བསྒྲིལ་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། ཚོགས་ཆེན་ཐོག་ཁྱོན་བསྡོམས་གཟུགས་ལྡན་གྱི་འཛམ་གླིང་དཔེ་དབྱིབས་དང་། ཐག་འཐེན་བདེ་འཁྱུག་ལག་པ། མཉེན་གཤིས་རེག་ཚོར་གྱི་གྲངས་ལེན་སྒྲིག་ཆས་སོགས་ལག་རྩལ་གསར་པ་དང་ཇུས་གཞི་གསར་པ་44ཁྱབ་བསྒྲགས་བྱས་ནས། འཕྲུལ་མིའི་ལག་རྩལ་གསར་གཏོད་ཐད་ལག་རྩལ་གྱི་འདེགས་སྐྱོར་སྔར་ལས་མང་བ་བྱས་ཡོད། 

འཕྲུལ་མིའི་ལག་རྩལ་འཕེལ་རྒྱས་འགྲོ་ཚུལ་གསར་པ་དང་དོན་འཁྱོལ་གྱི་དགོས་མཁོ་གསར་པར་དམིགས་ནས། ཚོགས་ཆེན་ཐོག་“རིག་ནུས་འཕྲུལ་མིའི་ཡར་རྒྱས་དགེ་སྒྲུབ་ཀྱི་འཕེལ་རྒྱས་གྲོས་འགོ་”དང་“གཟུགས་ལྡན་རིག་ནུས་དེ་འཕྲལ་སྒྲུབ་ཡུལ་དངོས་སུ་ཉེར་སྤྱོད་བྱེད་པའི་དགོས་མཁོ།” དེ་བཞིན་“གོ་ལ་ཧྲིལ་པོའི་འཕྲུལ་མིའི་ཉེར་སྤྱོད་འཚོལ་ཞིབ་འཆར་གཞི་”སོགས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། འཕྲུལ་མིའི་ཐོན་ལས་ལ་ཡུལ་རྣམ་དངོས་སུ་སྤྱོད་པའི་བགྲོད་ལམ་ཤར་གཏོང་དང་གསར་གཏོད་ཀྱི་སྟེགས་བུ་བཏོད་ཡོད། འཕྲུལ་མིས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐུབ་པ་ཙམ་ནས་རིམ་བཞིན་ཡུལ་དངོས་སུ་ལས་ཀ་བྱེད་ཐུབ་པར་གྱུར་ཡོད། 

གནམ་ཐང་གི་རྡོག་ཁྲེས་བརྒྱུད་འདྲེན་བརྒྱུད་རིམ་ནང་། རོགས་ལས་འཕྲུལ་ཆས་ལག་པ་དང་ལག་པ་གཉིས་ལྡན་གྱི་འཕྲུལ་མིས་གཞོགས་འདེགས་བྱས་པ་བརྒྱུད། སྒམ་མཁྲེགས་པོ་དང་ཚད་གཞི་དང་མི་མཐུན་པའི་རྡོག་ཁྲེས་མཉེན་པོ་རྣམས་རང་འགུལ་དབྱེ་འབྱེད་དང་གཏོར་སྐྱོན་མེད་པའི་ངང་ཐག་གཅོད་ཐུབ་ཀྱི་ཡོད་པས། སྒྲུག་གསེས་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་ཝང་རུའེ་ཏུང་གིས། ད་ལོའི་ཟླ་དང་པོར་ང་ཚོས་ཧྭ་ཤར་གནམ་ཐང་ཧྲིལ་པོའི་གནམ་གྲུའི་ལན་གྲངས་ཁག་གི་རྡོག་ཁྲེས་སྒྲུག་གསེས་ཀྱི་ལས་འགན་དང་ལེན་བྱས་པ་ཡིན། ཆུ་ཚོད་རེར་རྡོག་ཁྲེས་180ཐག་གཅོད་ཐུབ་ཀྱི་ཡོད་པས། དེའི་ལས་ཕྱོད་ནི་མི་ལས་ལྡབ་འགྱུར་གྱིས་ཆེ་བ་འདུག་ཅེས་བརྗོད་ཡོད།

སྐབས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཁེ་ལས་373གྱི་ཐོན་རྫས་3000ལྷག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་དང་། དེའི་ནང་ཐོན་རྫས་གསར་པ་311ཐོག་མར་འགྲེམས་སྤེལ་བྱས་ཡོད། ལྟ་སྐོར་སོགས་ཀྱི་ཐབས་ལམ་བརྒྱུད་ལྟད་མོ་བ་མི་ཐེངས་ཁྲི་55.7ཚོགས་ཆེན་གྱི་ས་གནས་ས་ཐོག་ཏུ་སླེབས་ནས། འཕྲུལ་མིའི་མདུན་གྲལ་ལག་རྩལ་དང་ཡུལ་རྣམ་ལ་ཤེས་རྟོགས་བྱས་ཡོད། ཚོགས་ཆེན་གྱིས་ད་དུང་ཁེ་ལས་གོང་འོག་གི་ཐོན་ལས་སྦྲེལ་ཐག་དབར་སྤེལ་རེས་དང་རོགས་ལས་བྱེད་པའི་སྟེགས་བུ་བཏོད་པ་དང་། དེའི་ནང་མངའ་ཁོངས་ཕྱིའི་འགྲེམས་ཞུགས་ཁེ་ལས་40ཡོད་ཅིང་། འཕྲུལ་མི་དང་དེའི་འབྲེལ་ཡོད་རིག་ནུས་ཐོན་རྫས་ཁྲི་14ལས་བརྒལ་བ་བཙོངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

འཕྲུལ་མི་བཀོལ་སྤྱོད་བྱ་ཡུལ་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་པ།

དུས་ཡུན་ཉིན་ལྔའི་2026ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཚེས་23ཉིན་པེ་ཅིང་དུ་འཚོགས་མཇུག་བསྒྲིལ་ཡོད།