གནམ་གྲུའི་སྤ་སེའི་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་གཅོག་རྒྱུ།
གསར་འགོད་པས་མཁའ་འགྲུལ་ཀུང་སི་མང་པོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དེ་རིང(ཚེས་5)ནས་བཟུང་། ཕྱིར་ཚོང་བྱེད་པའི་རྒྱལ་ནང་མཁའ་ལམ་གྱི་གནམ་གྲུའི་སྤ་སེའི་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་སླར་ཡང་དམའ་རུ་བཏང་ཡོད།
ལེགས་སྒྲིག་བྱས་རྗེས་ཀྱི་རྒྱལ་ནང་མཁའ་ལམ་གྱི་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་གྱི་ཚད་གཞི་ནི་གཤམ་གསལ་ལྟར་སྟེ།
-
སྤྱི་ལེ་800ཡན་གྱི་མཁའ་ལམ་ལ་འགྲུལ་པ་དར་མ་རེར་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་སྒོར་70བསྡུ་རྒྱུ།
-
སྤྱི་ལེ་800(ཚུད་པ)མན་གྱི་མཁའ་ལམ་ལ་འགྲུལ་པ་དར་མ་རེར་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་སྒོར་40བསྡུ་རྒྱུ།
དེ་གཉིས་ལེགས་སྒྲིག་མ་བྱས་གོང་དང་བསྡུར་ན། ཁག་སོ་སོ་སྒོར་30དང་སྒོར་10དམའ་རུ་བཏང་ཡོད་ལ། ད་ལོའི་ཟླ་6པ་ནས་བཟུང་། རྒྱལ་ནང་མཁའ་ལམ་གྱི་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་དམའ་རུ་བཏང་ནས། འགྲུལ་པ་ཕྱིར་སྐྱོད་ཀྱི་མ་གནས་སྔར་བས་དམའ་རུ་བཏང་བ་ཞིག་ཀྱང་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















