ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལུས་སེམས་བདེ་འཁོད་ཀྱི་ཚ་གཡོལ་གནང་ཡུལ།

2026-08-03 14:50:00     责编:卓玛才让

མ་འོངས་པའི་གཟའ་འཁོར་གཅིག་གི་ནང་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་མཐོ་བའི་གནམ་གཤིས་མུ་མཐུད་བསྟན་རྒྱུ་ཡིན་པ་དང་། ཚ་གཡོལ་ཡུལ་སྐོར་ལ་འགྲོ་མཁན་སྔར་བཞིན་མང་པོ་ཡོད། མིག་སྔར་ཚ་གཡོལ་བྱེད་གནས་ཡག་ཤོས་གང་དག་ཡོད་དམ་ཞེ་ན། ས་ཚིགས་དང་པོ་ནི་པེ་ཅིང་ཉེ་འདབས་ཀྱི་ཧོའེ་རོའུ་རུ་གཟའ་མཇུག་གིགུང་གསེང་ཐུང་ངུ”ཞིག་གཏོང་བར་འགྲོ།

པེ་ཅིང་གྲོང་ཁུལ་ནས་རླངས་འཁོར་བཏང་ནས་བྱང་ཕྱོགས་སུ་ཆུ་ཚོད་གཉིས་ཙམ་བསྐྱོད་དེ་ཧོའེ་རོའུ་པེ་ཀོའུ་གྲོང་ཚོར་སླེབས་པ་ན། དེ་ནི་མུའུ་ཐེན་ཡུས་ལྕགས་རི་རིང་པོའི་འདབས་སུ་ཡོད་པ་དང་། རི་ལུང་ནང་གི་དྲོད་ཚད་རྒྱུན་དུ་གྲོང་ཁུལ་ལས་དམའ་བ་ཡོད།

དེ་གའི་མགྲོན་ཁང་ཞིག་ནི་གྲོང་ཚོའི་རྫ་བསྲེགས་བཟོ་གྲྭས་སྒྱུར་བཀོད་བྱས་པ་ཞིག་ཡིན་པ་དང་། རྫ་གཡམ་དང་། དུ་ཁུང་རྙིང་པ། སོ་ཕག་དམར་པོའི་གྱང་། ས་དོང་རྙིང་པ་བཅས་སྐབས་དེ་དུས་ཀྱི་རྫ་བསྲེགས་རྗེས་ཤུལ་སྔར་བཞིན་མཐོང་རྒྱུ་ཡོད། གོམ་པ་ཁ་ཤས་ཀྱི་ཕྱི་རོལ་དུ་ད་དུང་མཛེས་རྩལ་ཁང་ཞིག་བསྐྲུན་ཡོད། མགྲོན་ཁང་དུ་སྡོད་རིང་རྫ་གཡམ་གྱི་ལག་རྩལ་ཉམས་ལེན་བྱེད་ཆོག་པ་དང་མཛེས་རྩལ་ཁང་དུ་འགྲེམས་སྟོན་ལ་ལྟ་བར་སོང་ནས་རིག་གཏོད་ཐོན་རྫས་ཀྱང་ཉོ་ཆོག གྲོང་ཚོའི་ནང་བསིལ་པོ་ཡོད་པ་མ་ཟད་སྡོད་སྟངས་ཀྱང་གདམ་ཀ་བྱ་ཡུལ་མང་པོ་ཡོད།

པེ་ཅིང་ཧོའེ་རོའུ་ཡི་རི་དཀྱིལ་གྱིསྤྲོ་གསེང་ཐུང་ངུ”ནས་ཐོན་ཏེ་མུ་མཐུད་བྱང་ཕྱོགས་ཀྱི་ནང་སོག་ཏུ་བསྐྱོད་ཚེ། དེ་གར་དྲོད་ཚད་22ཡི་རྩྭ་ཐང་ཡོད་པ་མ་ཟད། ད་དུང་དུས་ཚིགས་ལས་ལྡོག་པའི་གངས་ཤུད་ཀྱང་མྱོང་རོལ་བྱེད་ཆོག 

ཧུའུ་ལུན་པེ་ཨེར་དུ་རང་བྱུང་ཁམས་ཆེན་མོརདྲོད་བརྟན་དྲོད་སྙོམས་འཕྲུལ་ཆས”ལྡན་ཡོད། དབྱར་དུས་རྩྭ་ཐང་གི་ཆ་སྙོམས་དྲོད་ཚད་22ལས་མི་བརྒལ་བ་དང་བསིལ་འཇམ་དེར་བརྟེན་ནས་ས་གནས་དེས་རྩྭ་ཐང་གི་མར་སུན་འགྲན་རྒྱུག་དང་། རྒྱུན་རྣམ་ཅན་གྱི་ན་ཏ་མུའུ། རྟ་རྒྱུག་འགྲན་ཚོགས་སོགས་དབྱིངས་ཚུད་རྣམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག་32སྤེལ་གྱི་ཡོད།

གཞན་ཡང་། ཡུན་ནན་ཆུས་ཅིང་དུ་དབྱར་དུས་ཧ་ཅང་བསིལ་ཞིང་། ཡུལ་སྐོར་བས་རི་མགོར་ཤ་མོ་འཐུ་བའམ། ཡང་ན་གྲོང་གསེབ་ཀྱི་སྒོ་རའི་ནང་ཞིང་གྲོང་གི་འཚོ་བ་རོལ་བཞིན་ཡོད། མི་མི་ཉུང་བ་ཞིག་ཐ་ན་ཡུལ་སྐོར་བ་ནས་རྒྱུན་སྡོད་དུ་གྱུར་ཡོད། 

དབྱར་གཞུང་གི་ཆུས་ཅིང་གི་བསིལ་འཇམ་ནི་ས་འོག་ནས་མགོ་བརྩམས་པ་ཡིན། ཧྥུའུ་ཡོན་རྫོང་ཏོའོ་ལེ་ཡོན་ཆུས་དྲུས་བྲག་ཁུང་ནང་ལོ་འཁོར་མོར་དྲོད་ཚད་16ཙམ་ལ་རྒྱུན་མཐུད་ཐུབ་པ་དང་བྲག་ཁུང་ནང་གི་རྡོ་ཏོག་གི་བཟོ་དབྱིབས་མི་འདྲ་བ་ཡོད་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གསང་བ་འཚོལ་ཞིབ་དང་ཚ་གཡོལ་བྱེད་པར་ཡོང་གི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ལུས་སེམས་བདེ་འཁོད་ཀྱི་ཚ་གཡོལ་གནང་ཡུལ།

མ་འོངས་པའི་གཟའ་འཁོར་གཅིག་གི་ནང་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་མཐོ་བའི་གནམ་གཤིས་མུ་མཐུད་བསྟན་རྒྱུ་ཡིན་པ་དང་།