ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྣམ་གླིང་གི་བྱིས་པའི་ལྷ་མོ་རུ་ཁག་ལ་བྱ་དགའ་ཆེན་པོ་ཐོབ་པ།

2026-07-31 17:09:00     责编:卓玛才让
​​​​​​ ཉེ་ཆར། སྐབས་30པའི་“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་ལྷན་འཛོམས་”ཞེས་པའི་ལས་ཞོར་ཚོགས་ཆུང་གི་མེ་ཏོག་འདོགས་པའི་དགོང་ཚོགས་ཧྲང་ཧའེ་རུ་མཇུག་འགྲིལ་ཡོད།

图片

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྒྱ་མཚོ་ཤང་མགོ་ལེགས་གྲོང་ཚོའི་བྱིས་པའི་ལྷ་མོ་རུ་ཁག་གིས་འཁྲབ་པའི་《རྔོན་པའི་འདོན་》ཞེས་པར་“དཔྱིད་འགོའི་མེ་ཏོག་ཆུང་ངུའི་ཕུལ་བྱུང་མཉམ་སྡེབ་ལེ་ཚན་”གྱི་བྱ་དགའ་ཐོབ་ཡོད་པས། བོད་ལྗོངས་ཀྱི་གྲོང་ཚོ་རིམ་པའི་བྱིས་པའི་ལྷ་མོ་རུ་ཁག་ལ་བྱ་དགའ་འདི་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།

འགྲན་བསྡུར་དེ་ནི་ཀྲུང་གོའི་ཟློས་གར་མཁས་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། རྒྱལ་ནང་གི་ཚད་གཞི་མཐོ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་བྱིས་པའི་ཟློས་གར་ཆེད་ལས་འགྲན་བསྡུར་ཞིག་རེད།

图片

སྐབས་འདིའི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་ཟློས་གར་རིགས་བཅུ་ཕྲག་ཁ་ཤས་དང་རུ་ཁག་ཉིས་བརྒྱ་ལྷག་ཙམ་ཞུགས་ཡོད།

图片

图片

བྱ་དགའ་ཐོབ་ནས་ཕྱིར་ལོག་པའི་ལྷ་མོའི་རུ་ཁག་དེ་ནི་རྣམ་གླིང་རྫོང་གི་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་18ལས་གྲུབ་པ་དང་། ཆ་སྙོམས་ལོ་ཚད་ལོ་12ལས་ཟིན་གྱི་མེད། ནམ་རྒྱུན་བྱིས་པ་ཚོ་ཤེས་བྱ་ཡོན་ཏན་སྦྱོང་དགོས་པས། དབྱར་ཁ་དང་དགུན་ཁའི་གུང་གསེང་དང་དུས་ཆེན་ཁག་གི་གུང་གསེང་སྐབས་མཉམ་དུ་འཛོམས་ནས་ལྷ་མོ་སྦྱོང་གི་ཡོད།

ལྷ་མོའི་ཟློས་གར་སྐོར་གླེང་སྐབས། རུ་མི་བུ་ཆུང་ཚེ་རིང་གིས། ང་རང་ལོ་བདུན་ནས་བཟུང་ལྷ་མོའི་ཟློས་གར་སྦྱོང་འགོ་ཚུགས་པ་ཡིན། ལྷ་མོར་ཧ་ཅང་དགའ་པོ་ཡོད། ལྷ་མོའི་རོལ་མོ་ཐོས་མ་ཐག་ཟློས་གར་ནང་ཞུགས་ཐུབ་ཀྱི་ཡོད་”ཅེས་བརྗོད་ཡོད། དེ་ལྟ་བུའི་ལྷད་མེད་ཀྱི་སྤྲོ་བ་ལྡན་པས། ས་མཐོའི་གྲོང་གསེབ་ཀྱི་བྱིས་པ་དེ་དག་ཡར་ཀླུང་གཙང་པོའི་འགྲམ་ནས་ཆས་ཏེ་ཧོང་ཕུའུ་གཙང་པོའི་འགྲམ་གྱི་རྒྱལ་ཡོངས་ཀྱི་རྩེར་སོན་འགྲན་བསྡུར་ནང་ཞུགས་ཐུབ་པ་བྱུང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

རྣམ་གླིང་གི་བྱིས་པའི་ལྷ་མོ་རུ་ཁག་ལ་བྱ་དགའ་ཆེན་པོ་ཐོབ་པ།

ཉེ་ཆར། སྐབས་30པའི་“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ངུའི་ལྷན་འཛོམས་”ཞེས་པའི་ལས་ཞོར་ཚོགས་ཆུང་གི་མེ་ཏོག་འདོགས་པའི་དགོང་ཚོགས་ཧྲང་ཧའེ་རུ་མཇུག་འགྲིལ་ཡོད།