ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་མཚོ་སྔོན་གྱི་ཡོམ་ཁུལ་དུ་གེགས་སེལ་དངོས་ཟོག་སྤྲད་པ།
གསར་འགོད་པར་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧའེ་རྫོང་ལ་རིམ་པ་5ཡན་གྱི་ས་ཡོམ་ཐེངས་མང་བརྒྱབ་ཡོད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྙན་སེང་ཞུས་པའི་གནོད་འཚེའི་གནས་ཚུལ་དང་དགོས་མཁོ་ལྟར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གནོད་འཚེ་ཕོག་ཁུལ་ལ་གུན་སྐྱོབ་ཁུག་མ་དང་ཆར་རླུང་འགོག་པའི་གྱོན་གོས་སོགས་གེགས་སེལ་དངོས་ཟོག་ཁྱོན་2500གཏོང་སྤྲོད་བྱས་ཏེ། ས་གནས་དེ་གའི་གེགས་སེལ་རོགས་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















