ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཐེ་རོན་ཕུས་སླར་ཡང་དབྱི་རན་ལ་འཇབ་རྒོལ་བྱ་རྒྱུའི་འཇིགས་སྐུལ་བྱས་པ།

2026-07-30 17:20:00     责编:卓玛才让

 

ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་29ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། དབྱི་རན་གྱིས་དབུས་ཤར་ས་ཁུལ་དུ་ཡོད་པའི་ཨ་རིའི་དམག་ལ་འཕུར་མདེལ་འཕེན་གཏོང་བྱས་པའི་དབང་གིས་ཨ་རིས“དབྱི་རན་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་དང་དུས་མཚུངས་སུ། འབྲེལ་ཡོད་ཁྲིམས་གཞིའི་ནང་དོན་ཚན་གསར་པ་བསྣན་ནས། ཨ་རིར་དབྱི་རན་ལ་སྒོ་ཁྲལ་བསྡུ་བའི་དབང་ཆ་སྤྲོད་པའི་འཆར་གཞི་ཡོད་ཅེས་བརྗོད་ཡོད།

ཐེ་རོན་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོར་སྨྱར་སྦྱོར་ལ། ད་ལྟ“ཨ་རིས་ཕར་རྒོལ་བྱེད་པའི་དུས་ལ་སླེབས་ཡོད” “རྡུང་རྡེག་དེ་ནི་དབྱི་རན་ནས་གཡོལ་ཐབས་བྲལ་བ་ཤེས་པར་བྱེད་དགོས་དང་འབྲེལ་ཨ་རིས་རྡུང་རྡེག་མི་གཏོང་རྒྱུའི་རེ་བ་བཏོན་ཡོད” འོན་ཀྱང་ཨ་རིས“ཁོང་ཚོར་ཡ་ལན་སློག་རྒྱུ་ཡིན”ཞེས་བརྗོད་འདུག ཐེ་རོན་ཕུའུ་ཡིས། ཚེས་28ཉིན་གྱི་དགོང་མོ་དབྱི་རན་གྱིས་འཕུར་མདེལ་ལྔ་འཕེན་གཏོང་བྱས་པ་ཚང་མ་བཀག་འགོག་བྱས་པ་མ་ཟད་གཏོར་ལྷུང་བཏང་ཡོད། འབྱུང་འགྱུར་གྲོས་མཐུན་འཇོག་ཐུབ་མིན་ཐད་རང་ཉིད་ནས་རེ་སྒུག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་རིས་དབྱི་རན་ལ་“རྡུང་རྡེག་དྲག་པོ”གཏོང་རྒྱུ་ཡིན་ཞེས་ཟུར་གསལ་བྱས་འདུག

ཨེ་ཅིབ་མཚོ་ཁོངས་སུ་ཐོན་པའི་གཤེར་འགྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་ལ་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་པའི་གནས་ཚུལ་ལ་དམིགས་ནས། ཐེ་རོན་ཕུའུ་ཡིས་འབྲེལ་ཡོད་གསར་འགྱུར་མདོར་བསྡུས་ཉན་པ་དང་འབྲེལ“གནད་དོན་ཐག་གཅོད་ཐུབ་ངེས་རེད”ཅེས་བརྗོད་ཡོད།

ཉིན་དེའི་སྔ་ཙམ་ལ་ཐེ་རོན་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཨ་རིས“འཁོན་ལན་དྲག་པོ”སློག་རྒྱུ་དང“དབྱི་རན་ལ་རྡུང་རྡེག་ནན་པོ”གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཐེ་རོན་ཕུས་སླར་ཡང་དབྱི་རན་ལ་འཇབ་རྒོལ་བྱ་རྒྱུའི་འཇིགས་སྐུལ་བྱས་པ།

ས་གནས་དེ་གའི་དུས་ཚོད་ཟླ་7པའི་ཚེས་29ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས།