རང་རྒྱལ་གྱི་རྒྱ་མཚོའི་འབྱུང་ཁམས་དཔལ་འབྱོར་གོང་འཕེལ་ཡག་པོ་འགྲོ་བ།
འདི་ལོའི་ཚུན་དུ། རང་རྒྱལ་གྱི་རྒྱ་མཚོའི་འབྱུང་ཁམས་ཀྱི་གཙོ་གནད་འདུ་འགོད་མང་པོ་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་ཞི་མཐུན་མཛེས་སྡུག་གི་མཚོ་གླིང་ཁག་དང་པོ་གཏོད་པར་ཕན་འབྲས་ཐོན་འགོ་ཚུགས་པ་དང་། འབྱུང་ཁམས་ཀྱི་ལེགས་ཆ་དེ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་མཐུད་འགྱུར་ཡོད་པ་རེད།

རང་བྱུང་ཐོན་ཁུངས་པུས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་རྒྱ་མཚོའི་འབྱུང་ཁམས་ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས་ལས་མངོན་པར། 2025ལོར་རང་རྒྱལ་གྱི་བྱུ་རུའི་བྲག་རྡོ་དང་། མཚོ་རྩྭའི་ཡུག་སྦྲེལ་ཁུལ། སྡོང་དམར་ནགས་ཚལ། མཚོ་གླིང་བཅས་ཀྱི་འབྱུང་ཁམས་མ་ལག་གི་གནས་ཚུལ་ཡག་པོ་ཡོད་པ་རེད།

རང་བྱུང་ཐོན་ཁུངས་པུའི་རྒྱ་མཚོའི་འཐབ་ཇུས་འཆར་འགོད་དང་དཔལ་འབྱོར་སིའི་འགོ་འཛིན་གཞོན་པ་མོང་ཆིང་ལེས། ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་རྒྱ་མཚོའི་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་རྒྱ་མཚོའི་ཐོག་འགྲུལ་པ་འཁོར་རྒྱུག་བྱེད་ཚད་དུས་མཚུངས་ལས་ཁག་སོ་སོར་7.3%དང་11.1%འཕར་བ་དང་། རྒྱ་མཚོའི་སྨན་རྫས་གསར་པ་མང་པོར་ནད་ཐོག་ཚོད་ལྟ་བྱེད་རྒྱུའི་ཆོག་མཆན་ཐོབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་རྒྱ་མཚོའི་ཁོར་ཡུག་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས་རྒྱ་མཚོའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་བདེ་ཐང་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















