ད་ལོའི་མཐོ་རྒྱུགས་ནང་མི་ཁྲི་1290ཞུགས་རྒྱུ་རེད་འདུག
གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ནང་མི་ཁྲི་1290ཞུགས་རྒྱུ་རེད་འདུག
2026ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ནི་ཟླ་6པའི་ཚེས་7ཉིན་འགོ་རྩོམ་རྒྱུ་ཡིན་ཞིང་། ད་ལོ་སློབ་གསོ་པུའུ་ཡིས་མུ་མཐུད་ལོང་བ་རྒྱུགས་ཞུགས་པར་ཆེད་མངགས་ལོང་ཡིག་རྒྱུགས་ཤོག་བཟོས་ཡོད་པ་དང་། དེ་ནི་2014ལོ་ནས་བཟུང་ལོ་13བསྟུད་མར་ལོང་བ་རྒྱུགས་ཞུགས་པར་མཐོ་རྒྱུགས་ཁྲོད་ལོང་ཡིག་རྒྱུགས་ཤོག་མཁོ་འདོན་བྱས་ཡོད། གཞན་ཡང་། ད་དུང་སློབ་གསོ་པུའུ་ཡིས་ས་གནས་ཁག་ནས་དབང་སྐྱོན་རྒྱུགས་ཞུགས་པ་ཁྲི་1.4མཐོ་རྒྱུགས་ནང་ཞུགས་སྐབས་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་རྒྱུར་མཛུབ་སྟོན་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















