ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཞིང་ལས་དང་གྲོང་གསེབ་གང་མགྱོགས་དེང་རབས་ཅན་དུ་འགྱུར་བའི་ཐད་་་

2026-06-04 15:34:00     责编:娜科

  ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིསཞིང་ལས་དང་གྲོང་གསེབ་གང་མགྱོགས་དེང་རབས་ཅན་དུ་འགྱུར་བའིལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པཔར་འགྲེམས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་གང་མགྱོགས་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་། དེ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གཞི་གདན་ཡིན། འོན་ཀྱང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་ནུས་དང་སྤུས་ཀའི་ཕན་འབྲས་ངེས་པར་དུ་ཆེ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད།

 

 

ད་རེས་ཁྱབ་བསྒྲགས་བྱས་པའིའཆར་འགོདནང་། ཁྱབ་ཁོངས་དབྱེ་ནས་གཙོ་གནད་ལས་འགན་དང་བྱ་ཐབས་གལ་ཆེན་བཀོད་སྒྲིག་བྱས་ཏེགཙོ་གནད་ལས་འགན་ཁག་བདུན་བཏོན་ཡོད། དེ་དང་ཆབས་ཅིག་2030ལོར་སླེབས་སྐབས་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་67%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་ཆུང་དུ་འགྲོ་བ་བྱ་དགོས་ཞེས་བཏོན་ཡོད། རིགས་གཅིག་མཁས་། འཆར་འགོདནང་། “མཐའ་ཚད་གཉིསདང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གོང་འཕེལ་གྱི་ཞིབ་ཕྲའི་བླང་བྱ་ཁག་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད

འཆར་འགོདནང་། 2030ལོར་སླེབས་སྐབས་ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཏུ་དེང་རབས་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་རྒྱུ་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་པ་དང་། ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་འགྲོ་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ་སོགས་ཀྱི་དམིགས་ཚད་བཏོན་ཡོད།

 

 

འཆར་འགོདནང་།  2030ལོར་སླེབས་སྐབས་རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱ་མ་དུང་ཕྱུར་ཁྲི་1.45ཡས་མས་ཟིན་པ་བྱ་དགོས་ཞེས་བཏོན་ཡོད། རིགས་གཅིག་མཁས་། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་མཐའ་ཚད་བརྟན་པོ་སྲུང་རྒྱུ་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་ངོ་སྤྲོད་གནང་བ་རེད། 

རིགས་གཅིག་མཁས་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། རང་སོའི་ཁྱདལྡན་ཞིང་ལས་ཐོན་རྫས་དེ་ནུས་ཆེའི་ཟོག་འགྲེམས་དྲ་བ་བརྒྱུད་འཛད་སྤྱོད་པའི་གསོལ་ལྕོག་ཐོག་མགྱོགས་མྱུར་འབྱོར་ཐུབ་ལ། ས་གནས་ཁག་གིས་ཞིང་ལས་དེང་རབས་ཅན་གྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་བྱ་རྒྱུར་འགན་ལེན་ཡང་བྱེད་ཐུབ་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། བདེ་གཡང་།

འཛམ་གླིང་སྐར་ཁུངས།

▶ཐེ་རོན་ཕུས་དམག་འཁྲུག་མགྱོགས་མྱུར་ངང་མཇུག་སྒྲིལ་འདོད་ཡོད་ཟེར།

འདས་ཟིན་པའི་དུས་སྐབས་ཤིག་རིང་། ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་དམག་འཁྲུག་མཇུག་སྒྲིལ་ཉེར་ཡོད་ཅེས་ཐེངས་མང་བརྗོད་ཡོད།

中央广播电视总台 央广网 版权所有

ཞིང་ལས་དང་གྲོང་གསེབ་གང་མགྱོགས་དེང་རབས་ཅན་དུ་འགྱུར་བའི་ཐད་་་

རང་སོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་ནུས་ཆེའི་ཟོག་འགྲེམས་དྲ་བ་བརྒྱུད་འཛད་སྤྱོད་པའི་གསོལ་ལྕོག་ཐོག་མགྱོགས་མྱུར་འབྱོར་ཐུབ་ལ། ས་གནས་ཁག་གིས་ཞིང་ལས་དེང་རབས་ཅན་གྱི་གོང་འཕེལ་ལམ་བུ་འཚོལ་ཞིབ་བྱ་རྒྱུར་འགན་ལེན་ཡང་བྱེད་ཐུབ་ཅེས་གསུངས་པ་རེད།