ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཕྲུ་གུ་གསོ་བའི་ཁ་གསབ་རོཌ་དངུལ་སྒོར་དུང་ཕྱུར་999གཤམ་སྤྲོད་བྱས་པ།

2026-06-04 15:28:00     责编:娜科

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར་ནོར་སྲིད་པུས་2026ལོའི་ཕྲུ་གུ་གསོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་999གཤམ་སྤྲོད་བྱས་པ་དེ་ལོ་གོང་མ་ལས་10.6%འཕར་ཡོད་པ་དང་། ས་གནས་ཁག་གི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུ་དམར་འབྱར་ལ་ཕྲུ་གུ་གསོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་རིམ་ཁག་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་1100ཙམ་བཀོད་སྒྲིག་བྱས་ཡོད།

 མིག་སྔར། 2026ལོར་ཕྲུ་གུ་གསོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། འབྲེལ་ཡོད་དོ་དམ་གཏན་འབེབས་གཞིར་བཟུང་། རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཕྲུ་གུ་གསོ་བའི་ཁ་གསབ་ཞིབ་བཤེར་གཏན་འབེབས་དང་སྤྲོད་པར་སྒྲིག་འཛུགས་ལག་བསྟར་གྱི་འགན་འཁུར་རྒྱུ་དང་། རྩ་དོན་ཐོག་དུས་ཚིགས་རེར་ཉུང་མཐར་ཡང་གཅིག་སྡུད་ཐོག་ཁག་གཅིག་སྤྲོད་རྒྱུ་དང་། དུས་ཚིགས་གོང་མར་ཞིབ་བཤེར་ཐོབ་པའི་རེ་ཞུ་དེ་དུས་ཚིགས་འདིའི་དུས་མཇུག་གོང་ལ་སྤྲོད་དགོས། ནོར་སྲིད་པུས་མུ་མཐུད་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ནས་མ་དངུལ་དོ་དམ་ནན་དུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་པར་འདེགས་སྐྱོར་བྱ་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

ཡིག་སྒྱུར། སྒྲོལ་མ་སྐྱབས།

འཛམ་གླིང་སྐར་ཁུངས།

▶ཐེ་རོན་ཕུས་དམག་འཁྲུག་མགྱོགས་མྱུར་ངང་མཇུག་སྒྲིལ་འདོད་ཡོད་ཟེར།

འདས་ཟིན་པའི་དུས་སྐབས་ཤིག་རིང་། ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་དམག་འཁྲུག་མཇུག་སྒྲིལ་ཉེར་ཡོད་ཅེས་ཐེངས་མང་བརྗོད་ཡོད།

中央广播电视总台 央广网 版权所有

ཕྲུ་གུ་གསོ་བའི་ཁ་གསབ་རོཌ་དངུལ་སྒོར་དུང་ཕྱུར་999གཤམ་སྤྲོད་བྱས་པ།

སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་པར་འདེགས་སྐྱོར་བྱ་རྒྱུ་རེད།