ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གཅིག་སྒྲིལ་བརླན་སར་ཁྲུང་ཁྲུང་སྐྱ་བོ་ཐོག་དང་པོར་འབབ་སྡོད་བྱས།

2026-04-09 17:27:00     责编:卓玛才让
   ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་བརླན་སའི་ཆུ་གཏིང་ཐུང་ས་ཞིག་ཏུ། ཁྲུང་ཁྲུང་སྐྱ་བོ་5འཕུར་ཡོང་ནས་འབབ་སྡོད་དང་འགུལ་སྐྱོད་བྱེད་བཞིན་ཡོད། བརྙན་ལམ་ནང་དེ་ཚོའི་ལུས་པོའི་སྟངས་སྟབས་མཛེས་ཤིང་། ལན་རེར་ཆུ་གཏིང་ཐུང་སར་ལྷོད་གཡེང་ངང་འཆམ་འཆམ་བྱེད་པ་དང་། ལན་རེར་མགོ་བོ་སྒུར་ནས་རྒུམ་བུ་འཐུ་བཞིན་པ། ངང་ཚུལ་འཇམ་ཞིང་ལྷོད་ཤིག་གེར་མཐའ་འཁོར་གྱི་དྭངས་ཤིང་གཙང་བའི་བརླན་སའི་ཁོར་ཡུག་དང་གཞི་གཅིག་ཏུ་འདྲེས་ནས། འཆམ་མཐུན་གྱི་རང་བྱུང་ཁམས་ཀྱི་རི་མོ་ཞིག་གྲུབ་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཁྲུང་ཁྲུང་སྐྱ་བོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱེས་སྐྱེས་སྲོག་ཆགས་ཡིན་ཞིང་། འབབ་སྡོད་ཁོར་ཡུག་ཐད་རེ་བ་མཐོ་པོ་ཡོད་ལ། དཔེར་མཚོན་གྱི་བརླན་སའི་འབྱུང་ཁམས་སྟོན་བྱེད་སྐྱེ་དངོས་ཀྱི་རིགས་ཤིག་ཡིན། དེ་ཚོ་ཆུ་སྤུས་དྭངས་གཙང་དང་། ཟས་ཁུངས་འཛོམས་པོ། མིའི་བར་ཆད་དཀོན་པ་བཅས་ཀྱི་བརླན་ས་དང་། ན་འདམ། གྲམ་པ་སོགས་ས་ཁོངས་ལ་འཚོ་སྡོད་བྱེད་པར་དགའ་པོ་ཡོད། གཅིག་སྒྲིལ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང་། གཙང་གསུམ་འབྱུང་ཡུལ་“ཀྲུང་ཧྭའི་ཆུ་མཛོད་”ཀྱི་ཆུ་ཁུངས་གསོ་ཁུལ་གཙོ་བོ་ཡིན། འབྲེལ་ཡོད་སྡེ་ཁག་གིས་བདེན་མིན་ཞིབ་དཔྱད་བྱས་པ་བརྒྱུད། དེ་ནི་ས་གནས་དེ་གར་བྱེས་སྐྱེས་སྲོག་ཆགས་ལ་ལྟ་དཔྱད་ཚད་འཇལ་བྱེད་པའི་ཟིན་ཐོ་ཡོད་ཚུན། ཁྲུང་ཁྲུང་སྐྱ་བོ་དེ་གར་ཡོད་པ་ཤེས་རྟོགས་བྱུང་ཐེངས་དང་པོ་ཡིན་པའི་ངོས་འཛིན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

གཅིག་སྒྲིལ་བརླན་སར་ཁྲུང་ཁྲུང་སྐྱ་བོ་ཐོག་དང་པོར་འབབ་སྡོད་བྱས།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་བརླན་སའི་ཆུ་གཏིང་ཐུང་ས་ཞིག་ཏུ།